རྫོང་ཁ་འདི་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཨིན། ༼འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༡(༨) པ།༽
འཆར་སྣང་།
རྒྱལ་ཁབ་ཀྱི་ཞི་བདེ་དང་། གཅིག་མཐུན། རྩ་བརྟན་གྱི་དོན་ལུ་ རྫོང་ཁ་འདི་འབྲུག་མི་ག་ར་གི་བརྡ་དོན་སྤྲོད་ལེན་གྱི་སྐད་ཡིག་གཙོ་ཅན་ཅིག་སྦེ་བཟོ་ནི།
དམིགས་སྐྱེད།
རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ཏེ་ རྒྱལ་ཡོངས་སྐད་ཡིག་ཡང་གོང་འཕེལ་དང་དར་ཁྱབ་བཏང་སྟེ་ཞབས་ཏོག་ཞུ་ནི།
བརྩི་མཐོང༌།
འགན་འཁྲི། དྲང་བདེན། དྲང་སྤྱོད། དད་དམ། ཁྱད་རིག། རང་དོན་བློས་གཏང་དང་ མཉམ་ལས་ཚུ་གིས་ལམ་སྟོན་འབད་ནི་ཨིན།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་མི་དམངས་ལུ་ ༡༽ སྒོ་བྱང་། ༢༽ བརྡ་བྱང་། ༣༽ མིང་བྱང་། ༤༽ རས་བྱང་། ༥༽ རྡོ་རྟགས། ༦༽ ས་རྟགས། ༧༽ ལམ་རྟགས། ཨང་རྟགས། ཤོག་བྱང་། སྦྱར་ཡིག་ཚུ་གི་དོན་ལུ་ མིང་ཚིག་གསར་བཟོ། སྐད་སྒྱུར། ཡིག་སྡེབ། བརྡ་སྦྱོར་དེ་ལས་ཞུན་དག་གི་ཞབས་ཏོག་ཚུ་ཕུལཝ་ཨིན།
ཞབས་ཏོག་འདི་ཚུ་སྤྱོད་ནིའི་དོན་ལུ་ འོག་གི་འབྲི་ཤོག་འདི་བཀང་སྟེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་བདག་སྐྱོང་ནང་བཙུགས་གནང་།
འབྲི་ཤོག་བཀང་ནིའི་དོན་ལུ་ ནཱ་ལུ་ཨེབ་གནང་།
གློག་བརྙན་དང་འབྲེལ་བའི་མིང་ཚིག་ཆ་འཇོག་གི་དོན་ལུ་ ཨ་ནཱི་འབྲི་ཤོག་འདི་བཀང་ཞིནམ་ལས་ tshetendorji@moha.gov.bt ནང་གློག་འཕྲིན་གཏང་གནང།
ཞབས་ཏོག་འདི་ བདུན་ཕྲག་ཨ་རྟག་ར་ གཟའ་སྤེནམ་གི་ དྲོ་པ་ཆུ་ཚོད་ ༩:༣༠ ལས་ ཕྱི་རུ་ཆུ་ཚོད་ ༤:༠༠ ཚུན་ལུ་ཕུལཝ་ཨིནམ་ལས་ ཞབས་ཏོག་ལེན་ནིའི་དོན་ལུ་ འབྲི་ཤོག་འདི་བཀང་སྟེ་གཟའ་སྤེནམ་གི་ཧེ་མ་གཏང་གནང་།