རྩིས་ལོ་ ༢༠༢༢-༢༠༢༣ གྱི་གཞུང་སྐྱོང་མཆོག་གྱུར་གན་ཡིག་དང་འཁྲིལ་ཏེ་ རྫོང་ཁ་གོང་འཕེལ་དང་དར་ཁྱབ་གཏང་ནི་ལུ་དམིགས་ཏེ་ རྫོང་ཁ་གོང་འཕེལ་སྡེ་ཚན་གྱིས་ རྩིས་ལོ་དེ་ནང་བཟོ་སྐྲུན་འབད་དེ་ཡོད་པའི་ ཨ་ལུའི་སྤྲོ་གླུ་ ༢༦ སྤྱི་ཚེས་ ༢༡/༠༦/༢༠༢༣ ལུ་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ གསར་བཏོན་མཛད་གནང་ཡོདཔ་ཨིན། གསར་བཏོན་འབད་ཡོད་པའི་སྤྲོ་གླུ་ཚུ་གིས་ ན་གཞོན་ཚུ་ རྫོང་ཁའི་སྐད་ཡིག་ལྷབ་སྦྱང་ལུ་སྤྲོ་བ་དང་དག་སྣང་འཐེབ་ཅིག་ར་བསྐྱེད་བཅུག་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན། ལས་རིམ་འདི་གི་སྐབས་ རྫོང་ཁ་གོང་འཕེལ་ལུ་མཁོ་བའི་ མཐོང་ཐོས་དང་ཀི་དེབ་ རིམ་ལུགས་ལ་སོགས་པའི་མཐུན་རྐྱེན་སྣ་ཚོགས་ཚུ་ བཟོ་སྐྲུན་དང་དཔེ་སྐྲུན་འབད་ཡོད་མི་ཚུ་ཡང་ གསལ་ཞུ་དང་གསལ་སྟོན་འབད་ཡོདཔ་ཨིན། དེ་གིས་ མི་དམངས་ལུ་རྫོང་ཁའི་མཐུན་རྐྱེན་ཚུ་གི་སྐོར་ལས་ ཤེས་རྟོགས་དང་ལག་ལེན་ལུ་ཕན་ཐོགས་འབྱུང་ནི་ཨིན།