
རྫོང་ཁའི་ཡིག་སྡེབ་ཀྱི་རྩེདམོ་ཟེར་བའི་ འགྲུལ་འཕྲིན་རིམ་ལུགས་འདི་ འབྲུག་པའི་ཨ་ལུ་ཚུ་གིས་ རྫོང་ཁའི་གཞི་རྟེན་མིང་ཚིག་གི་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་ཚུགསཔ་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དེ་བཟོ་ཡོདཔ་ཨིན། རིམ་ལུགས་འདི་ལུ་ཕྱི་ཁའི་གཞི་བཀོད་འདི་ འཇམ་ཏོང་ཏོ། རན་ཏོག་ཏོ། ལཱ་ཁག ཟེར་གནས་ཚད་ཁག་གསུམ་སྦེ་དབྱེ་སྟེ་བཟོ་ཡོད། གནས་ཚད་ཁག་གསུམ་ཆ་ར་ནང་ ཉེ་བར་མཁོ་བའི་དོན་ཚན་ ཁག་བཅུ་གཉིས་གུ་གཞི་བཞག་སྟེ་ སྡེ་ཚན་ཡང་ ༡༢ སྦེ་བཟོ་སྟེ་ཡོད། སྡེ་ཚན་རེ་རེ་ནང་ མིང་ཚིག་གྱངས་ཁ་ ༡༢ ལས་ ༢༥ གི་བར་ན་ཚུད་དེ་ཡོད།