ཚིག་སྡེ། | Noun |
ཨིང་ལིཤ་གི་དོ་མཉམ། | Para regular employee |
གོ་དོན། | དགོས་མཁོ་དང་བསྟུན་ཏེ་བཙུགས་པའི་ གཏན་གཡོགཔ་དང་འདྲ་བའི་ལས་གཡོགཔ། |
དཔེར་བརྗོད། | ང་བཅས་ཀྱི་ཡིག་ཚང་ནང་ལཱ་གསརཔ་གི་དོན་ལུ་ལྷན་ཐབས་གཏན་གཡོགཔ་གསུམ་དེ་ཅིག་དགོཔ་ཡོད། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Kiwi fruit |
གོ་དོན། | ཤིང་འབྲས་ཅིག་གི་མིང་། |
དཔེར་བརྗོད། | ཤིང་འབྲས་ཀྱི་སླ་ལས་ཟས་བཅུད་དང་ལྡན་མི་ཅིག་ཤིང་འབྲས་ཀིཝ་གླི་འདི་ཨིན་མས། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | scanner |
གོ་དོན། | ཤོག་ཀུ་གུ་ཡོད་པའི་ པར་དང་ཡི་གུ་ཚུ་ འདྲ་བཤུས་རྐྱབ་སྟེ་གློག་རིག་ནང་གཟུང་ནིའི་འཕྲུལ་ཆས། |
དཔེར་བརྗོད། | པར་ལོག་འཕྲལ་ཆས་དང་སྦྲགས་སྟེ་ཡོད་པའི་པར་འཕྲུལ་ཉོ་བ་ཅིན་དྲག། |
ཚིག་སྡེ། | noun | པར། |
ཨིང་ལིཤ་གི་དོ་མཉམ། | mouse | |
གོ་དོན། | གློག་རིག་ནང་ འོད་རྟགས་སྤར་ནིའི་དོན་ལུ་ཕར་དང་ཚུར་ལགཔ་གིས་དཀྲོགས་མིའི་གློག་ཆས་བཟོ་རྣམ་བྱི་ཙི་བཟུམ་སྦེ་ཡོད་མི། | |
དཔེར་བརྗོད། | གློག་བྱི་ལག་ལེན་འཐབ་པ་ཅིན་ པར་ཞུན་བདག་ལེགས་ཤོམ་སྦེ་འབད་ཚུགས། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Hand sanitizer |
གོ་དོན། | ལགཔ་གཙང་ཏོག་ཏོ་སྦེ་བཞག་ནིའི་དོན་ལུ་ སྨན་རྫས་དང་ལྡན་པའི་ལགཔ་གུ་དབུར་ནིའི་ཆུ། |
དཔེར་བརྗོད། | ཀོ་རོ་ན་ནད་འབུཔ་དེ་ལས་འཛེམ་དགོ་པ་ཅིན་ ལགཔ་གུ་འཕྲལ་འཕྲལ་ར་ལག་གཙང་སྨན་ཆུ་དབུར་དགོ། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | quarantine |
གོ་དོན། | ས་གནས་གཞན་ཁ་ལས་འོང་མིའི་མི་དང་སེམས་ཅན་ཚུ་ནད་ཡམས་ཡོད་མེད་བརྟག་དཔྱད་ཀྱི་དོན་ལུ་སོ་སོ་སྦེ་བཞག་ཚུལ། |
དཔེར་བརྗོད། | ནད་ཡམས་ཐོབ་ཡོད་མེད་བརྟག་དཔྱད་ཀྱི་དོན་ལུ་ ཁང་མིག་ཅིག་ནང་ཟུར་བརྟག་སྦེ་བཞག་ནུག། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Personal protective equipment (PPE) |
གོ་དོན། | ལཱ་གཡོགཔ་ཚུ་ལུ་ལཱ་འབད་བའི་སྐབས་ རང་ཉེན་ཁ་ལས་སྲུང་ནིའི་དོན་ལུ་ལག་ལེན་འཐབ་པའི་ཉེན་སྲུང་ཅ་ཆས། |
དཔེར་བརྗོད། | ཁྱིམ་བཟོ་སྐྲུན་གྱི་ལཱ་འབད་བའི་སྐབས་ཉེན་སྲུང་ཅ་ཆས་ཚུ་ལག་ལེན་འཐབ་དགོཔ་འདི་གལ་ཆེ། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Isolation Ward |
གོ་དོན། | འབུ་ནད་ཅན་གྱི་ནདཔ་ཚུ་ཟུར་ཏེ་བཞག་སའི་སྨན་ཁང་ནང་གི་ཁང་མིག། |
དཔེར་བརྗོད། | ཀོ་རོ་ན་ནད་འབུཔ་ཐོབ་ཡོད་པའི་ནདཔ་འདི་སྨན་ཁང་ནང་ལུ་ ཟུར་བཞག་ཁང་ནང་བཞག་སྟེ་སྨན་བཅོས་འབད་དགོ། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Virus |
གོ་དོན། | གློག་རིག་ལུ་ གནོདཔ་བཀལ་མིའི་མཉེན་ཆས་ཀྱི་རིགས། |
དཔེར་བརྗོད། | གནོད་མཉེན་གྱིས་ གློག་རིག་ནང་གི་ཡིག་ཆ་ཚུ་མེདཔ་གཏང་ནི་ལས་ བཀག་ཐབས་ལུ་ ཟློག་མཉེན་ལག་ལེན་འཐབ་དགོ། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Antivirus |
གོ་དོན། | གློག་རིག་ནང་ལུ་ཡོད་པའི་ གནོད་མཉེན་ཚུ་འཚོལ་ཏེ་ བཏོན་གཏང་མིའི་མཉེན་ཆས། |
དཔེར་བརྗོད། | གློག་རིག་ནང་ལུ་ ཡིག་ཆ་ཚུ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཟློག་མཉེན་བཙུགས་དགོ། |