The PDF version of the manual is downloadable from the end of this instruction page.
Windows 7, 8 དང་ Windows Vista གློག་རིག་རིམ་ལུགས་ནང་རྫོང་ཁ་ལག་ལེན་འཐབ་ནི་ལུ་རྒྱབ་སྐྱོར་ཡོདཔ་ཨིན་རུང་ ལེགས་ཤོམ་སྦེ་ལག་ལེན་འཐབ་དོན་ལུ་ རྫོང་ཁའི་ Locale (གནས་སྡུད་), keyboard (ལྡེ་སྒྲོམ་) or fonts (ཡིག་གཟུགས་) ཚུ་ཚུད་དེ་མེདཔ་ལས་ བཙུགས་དགོཔ་ཡོད།
ད་ལྟོ་ ཡུ་ནི་ཀོཊ་ལམ་ལུགས་དང་བསྟུན་པའི་ ཡིག་གཟུགས་གསུམ་ཡོད། དེ་ཚུ་ཡུ་ནི་ཀོཊ་ལམ་ལུགས་དང་ལྡན་པའི་རིམ་ལུགས་ཚུ་ནང་ལག་ལེན་འཐབ་བཏུབ་ཨིན། ཡིག་གཟུགས་གསུམ་འདི་ཡང་:
དཔེ་དེབ་འདི་དང་སྦྲགས་ཏེ་ཐོབ་མིའི་སྲབ་འཁོར་(CD) འདི་གློག་རིག་ནང་ན་བཙུགས་ཏེ་ཁ་ཕྱེ།

"Dzongkha Unicode 2010" ཟེར་མིའི་ཡིག་སྣོད་འདི་ཁ་ཕྱེ།

"Dzongkha for Win Vista & 7" ཟེར་མིའི་ཡིག་སྣོད་འདི་ཁ་ཕྱེ།

"Dzongkha Fonts" ཟེར་མིའི་ཡིག་སྣོད་འདི་ཁ་ཕྱེ།

ཡིག་གཟུགས་ག་ར་གདམ་འཐུ་འབད་དེ་ "Install" ཟེར་མི་གུ་ཨེབ་དགོ། འདི་གིས་ཡིག་གཟུགས་ག་ར་ ཁྱོད་ཀྱི་གློག་རིག་ནང་བཙུགས་འོང་།

དྲན་ཐོ: ཧེ་མ་ལས་བཙུགས་ཡོད་པའི་ ཡིག་གཟུགས་རྙིངམ་རེ་ཡོད་པ་ཅིན་ ད་ལྟོའི་དུས་མཐུན་ཡིག་གཟུགས་ཚུ་མ་བཙུགས་པའི་སྔ་གོང་ལས་བཏོན་གཏང་དགོ།
སྲབ་འཁོར་ནང་ན་ཡིག་སྣོད་ཁ་ཕྱེ་དགོཔ་འདི་ "Dzongkha Unicode 2010" ► "Dzongkha for Win Vista & 7"►"Locale" ཨིན། གནས་སྡུད་ "Locale" ཡིག་སྣོད་འདི་ཁ་ཕྱེ།

"DZ-BT-Locale" གུ་ཚར་གཉིས་ཨེབ། འདི་གིས་རྫོང་ཁའི་གནས་སྡུད་འདི་རང་བཞིན་ཐོག་ལས་གློག་རིག་ནང་བཙུགས་བྱིན་འོང་།

སྲབ་འཁོར་ནང་ན་ཡིག་སྣོད་ཁ་ཕྱེ་དགོཔ་འདི་ "Dzongkha Unicode 2010" ► "Dzongkha for Win Vista & 7" ► "Keyboard" ཨིན། ལྡེ་སྒྲོམ་ "Keyboard" ཡིག་སྣོད་འདི་ཁ་ཕྱེ།

"setup.exe" ཡིག་སྣོད་གུ་ཚར་གཉིས་ཨེབ། འདི་གིས་རྫོང་ཁའི་ལྡེ་སྒྲོམ་འདི་ རང་བཞིན་ཐོག་ལས་གློག་རིག་ནང་བཙུགས་བྱིན་ནི་དང་ སྐད་ཡིག་བརྡ་རྟགས་(language bar)འདི་ གློག་རིག་གི་བརྙན་ཐང་(screen)གཤམ་ཁ་ཐུག་ལུ་ཡོད་པའི་ ལས་དོན་བརྡ་རྟགས་(task bar)ནང་ "OL" ཟེར་འཐོན་འོང་།
