
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྫོང་ཁ་ཝི་ཀི་པི་ཌི་ཡ་གི་ ནང་དོན་བྲི་ནིའི་གོ་སྐབས་བྱིན་ནི་ཨིནམ་ལས་ རྫོང་ཁའི་ཤེས་ཡོན་ལྡན་མི་དང་ རྫོང་ཨིང་ཟུང་འབྲེལ་གྱི་སྐད་ཡིག་ལུ་གོམས་སྦྱངས་ཡོད་པའི་ དང་འདོད་ཅན་གྱི་ངོ་རྐྱང་ཚུ་གིས་ སྤྱི་ལོ་ ༢༠༢༥ ཟླ་ ༢ པའི་ཚེས་ ༢༥ གི་ནང་འཁོད་ཡི་གུ་བཙུགས་གནང་ཟེར་ཞུ་ནི་དང་ གདམ་འཐུ་འགྲུབ་མི་ཚུ་ལུ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ནང་ལུ་སྦེ་ ཉིནམ་གཅིག་གི་སྦྱོང་བརྡར་བྱིན་ནི་ཨིནམ་ལས་ ཐིམ་ཕུག་ལུ་བཞུགས་མི་ཚུ་གིས་རྐྱངམ་གཅིག་ བཅའ་མར་གཏོགས་གནང་ཟེར་ཞུ་ནི།
ཁ་གསལ་སྦེ་མཁྱེན་ནིའི་དོན་ལུ་ ཡིག་ཚང་གི་དུས་ཚོད་ཁར་ འགོ་འདྲེན་པ་དང་གཅིག་ཁར་ ༡༧༨༡༠༦༨༡ ཡང་ན་ jigmedorji@moha.gov.bt གི་ཐོག་ལུ་འབྲེལ་བ་མཛད་གནང་ཟེར་ཞུ་ནི།
སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན།