ནིའུ་ཌེ་ལི་ལུ་ཡོད་པའི་ འབྲུག་རྒྱལ་གཞུང་སྐུ་ཚབ་ཡིག་ཚང་གིས་ སྤྱི་ལོ་ ༢༠༢༡ ཟླ་ ༧ པའི་ཚེས་ ༢༢ ལུ་ ཕྱི་འབྲེལ་གྱི་དོན་ལུ་ རྫོང་ཁ་ཟེར་མི་ཅིག་འགོ་བཙུགས་གནང་ནུག། འདི་ནང་ལུ་ འབྲུག་རྒྱལ་གཞུང་སྐུ་ཚབ་ཡིག་ཚང་གིས་ བདུན་ཕྲག་གི་མིང་ཚིག་སྦེ་ ཨ་རྟག་ར་ གཟའ་པ་སངས་ཀྱི་ཚེ་ ཕྱི་འབྲེལ་སྲིད་སྐྱོང་གི་ཐ་སྙད་སྐད་སྒྱུར་འབད་དེ་ཡོད་མིའི་མིང་ཚིག་རེ་ ཨིང་རྫོང་ཟུང་འབྲེལ་སྦེ་གསལ་སྟོན་འབད་དེ་ཕུལ་ནི་ཨིན།
ཕྱི་འབྲེལ་སྲིད་སྐྱོང་གི་སྐད་སྒྱུར་འདི་ ཕྱི་འབྲེལ་ལྷན་ཁག་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གཉིས་མཉམ་འབྲེལ་གྱི་ཐོག་ལས་འབད་ཡོདཔ་ཨིན།
འདི་གཟིགས་ནིའི་དོན་ལུ་ འོག་གི་འབྲེལ་མཐུད་གུར་ཨེབ་གནང་།
https://www.facebook.com/110645133889062/posts/349912229962350/?d=n