རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གདམ་འཐུའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ནི་གི་ འཆར་གཞི་ཡོད་མི་དང་ རྫོང་ཁའི་ལག་ཁྱེར་དགོ་མི་ དབུས་གཞུང་ལས་སྡེ་དང་ རྫོང་ཁག་སོ་སོའི་འོག་ལུ་ བདག་སྐྱོང་ལས་རོགསཔ་ ཡང་ན་ མི་སྟོབས་ལས་རོགསཔ་གི་གོ་གནས་ལུ་ ཞུ་ཡིག་བཙུགས་མི་དང་ རྫོང་ཁའི་ལག་ཁྱེར་དགོ་མི་ཚུ་ལུ་ ཐོ་བཀོད་འབད་ནི་འདི་ གསལ་བསྒྲགས་འབདཝ་ཨིན། ༢༠༢༦ ལོའི་ རྫོང་རྒྱུགས་ཆོས་རྒྱུགས་འདི་ ཐོ་བཀོད་ཧེ་མ་འབད་མིའི་ མི་ངོམ་ ༩༠ ལུ་གོ་སྐབས་བྱིན་ནི་ཨིནམ་དང་ ཆོས་རྒྱུགས་ཀྱི་ཚེས་གྲངས་འདི་མགྱོགས་པ་ར་ཁྱབ་བསྒྲགས་འབད་འོང་། འོས་འབབ་ཡོད་མི་ཚུ་གིས་ འོག་ལུ་བཀོད་ཡོད་པའི་འབྲེལ་མཐུད་བརྒྱུད་དེ་ དུས་ཚོད་བཀོད་ཡོད་པའི་ནང་འཁོད་ལུ་ ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་ཆོག།
https://docs.google.com/forms/d/1Ffdht_zNdFEsIUG2FlqJvH9UHYgab0-A2g7UYnu2toU/edit