Loading Language ...
རྫོང་ཁ། English
ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ཡོདཔ།

18 / ༡༢ / 2020 བཙུགས་མི། Tenzin Namgyel

སྤྱི་ཚེས་ ༡༦/༡༢/༢༠ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ འབྲུག་གི་རྩ་བ་གསུམ་ལུ་ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ཡོད་མི་ཞི་གཡོགཔ་ཚུ་ལུ་ གཟེངས་བསྟོད་ཀྱི་རྟགས་མ་གནང་ནིའི་ལས་རིམ་ཅིག་འགོ་འདྲེན་འཐབ་ཅི།

དུས་ཅི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ལས་ འགོ་དཔོན་དང་ལས་བྱེདཔ་ ༦ གིས་ ཞི་གཡོག་གཟེངས་བསྟོད་རྟགས་མ་ཐོབ་ཡོདཔ་ཨིན། དེ་ཚུ་གིས་གྲས་ལས་ མི་ཚེས་གཅིག་གཞུང་ལུ་ཕྱག་ཞུ་མི་ ལས་རིམ་དབྱེ་དཔྱད་པ་ ཕུར་པ་རྡོ་རྗེ་དང་ སྐད་ཡིག་གོང་འཕེལ་གཙོ་འཛིན་འགོ་དཔོན་འོགམ བསྟན་འཛིན་དབང་ཕྱུག་ལུ་གསེར་གྱི་རྟགས་མ་དང་། ལོ་ངོ་ ༣༠ ལྷག་སྟེ་ཕྱག་ཞུ་མི་ མཛོད་གཉེར་ པར་པ་ཏི་སུ་བྷ་ལུ་གསེར་གྱི་རྟགས་མ་གནང་ཡོདཔ་ཨིན། འདི་བཟུམ་སྦེ་ ལོ་ངོ་ ༢༠ ལྷག་སྟེ་ཕྱག་ཞུ་མི་ ལས་རིམ་གཙོ་འཛིན་འགོ་དཔོན་ རྣམ་རྒྱལ་འཕྲིན་ལས་དང་ བརྡ་དོན་འཕྲུལ་རིག་ལས་རོགས་གོངམ་ སེངྒེ་རྡོ་རྗེ། དེ་ལས་ དེད་གཡོགཔ་ཆོས་རྒྱལ་ལུ་དངུལ་གྱི་རྟགས་མ་གནང་ཡོད།

འདི་དང་གཅིག་ཁར་ ལཱ་ཤུལ་གྲུབ་འབྲས་དང་འཁྲིལ་ཏེ་ངོས་འཛིན་འབད་ཡོད་པའི་ རྩིས་ལོ་ ༢༠༡༩-༢༠ གི་ ལས་བྱེདཔ་ཁྱད་འཕགས་ཅན་ སྐད་ཡིག་གོང་འཕེལ་འགོ་དཔོན་གོངམ་ ཡུམ་སྐྱིད་ལྷ་མོ་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གཟེངས་བསྟོད་ཀྱི་ལག་ཁྱེར་ཅིག་ཡང་གནང་ཡོདཔ་ཨིན།

ག་ནི་བ་ཁྱད་དུ་འཕགས་པའི་རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་བརྩི་སྲུང་དང་འབྲེལ་ གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་ཐོབ་མི་ཚུ་ལུ་ ཡིག་ཚང་གི་བཟའ་ཚང་ཧོངས་ལས་ ངལ་རངས་དང་བཅས་པའི་བཀྲིས་བདེ་ལེགས་ཕུལཝ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།