གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་བསྟུན སྤྱི་ཚེས་ ༠༩/༡༢/༢༠༢༡ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ འབྲུག་གི་རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་མི་ཞི་གཡོགཔ་ཚུ་ལུ་ གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ནིའི་ལས་རིམ་ཅིག་འགོ་འདྲེན་འཐབ་ཡོད།
དུས་ཅི་ ལྷན་ཚོགས་ཡིག་ཚང་ནང་ལས་ ལོ་ངོ་ ༢༠ ལྷག་སྟེ་ཕྱག་ཞུ་མི་ ཡིག་སྐྱེལ་པ་སངས་རྒྱས་ཆོས་སྒྲོན་ལུ་ རྒྱལ་གཞུང་ལས་དངུལ་གྱི་རྟགས་མ་གནང་ཡོད། འདི་དང་གཅིག་ཁར་ ལཱ་ཤུལ་གྲུབ་འབྲས་དང་འཁྲིལ་ཏེ་ ངོས་འཛིན་འབད་ཡོད་པའི་ རྩིས་ལོ་ ༢༠༢༠-༢༡ གི་ ལས་བྱེདཔ་ཁྱད་འཕགས་ཅན་ བདག་སྐྱོང་ལས་རོགས་ སངས་རྒྱས་ལྷུན་གྲུབ་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གཟེངས་བསྟོད་ཀྱི་ལག་ཁྱེར་ཅིག་ཡང་གནང་ཡོདཔ་ཨིན།
ག་ནི་བ་ཁྱད་དུ་འཕགས་པའི་རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་བརྩི་སྲུང་དང་འབྲེལ་ གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་ཐོབ་མི་གཉིས་ལུ་ ཡིག་ཚང་གི་བཟའ་ཚང་ཧོངས་ལས་ ངལ་རངས་དང་བཅས་པའི་བཀྲིས་བདེ་ལེགས་ཡོད།
བཀྲིས་བདེ་ལེགས།