རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས།
ཆོས་རྒྱུགས་ཀྱི་ཁྱབ་བསྒྲགས།
རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས་ (རྫོང་རྒྱུགས་) ནང་བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་ཚུ་གིས་ སྤྱི་ཚེས་ ༣༡/༡༢/༢༠༢༥ དྲོ་པའི་ཆུ་ཚོད་ ༩:༠༠ ལུ་ སེམས་རྟོགས་ཁ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་བྱོན་གནང་ཟེར་ཞུ་ནི་ཨིན།
ཐོ་བཀོད་འབད་ཡོད་པའི་མི་ངོམ་ག་ར་ ཁོང་ར་ལུ་ གཞུང་འབྲེལ་གྱི་གློག་འཕྲིན་དང་ ཡང་ན་ འོས་འབབ་མེད་པའི་སྐོར་ལས་ བརྡ་སྐུལ་མ་ཐོབ་པ་ཅིན་ ཆོས་རྒྱུགས་རྐྱབ་ནིའི་འོས་འབབ་ཡོདཔ་སྦེ་ཆ་བཞགཔ་ཨིན།
ཁ་གསལ་གྱི་དོན་ལུ་ བསོད་ནམས་རིན་ཆེན་དང་གཅིག་ཁར་ ༡༧༦༥༥༡༧༨ ནང་འབྲེལ་བ་འཐབ་གནང་།