
རྫོང་ཁའི་རྩོམ་རིག་འགྲན་བསྡུར་གྱི་སྤྱིར་བཏང་གནད་དོན།
༡༽ རྫོང་ཁའི་རྩོམ་རིག་འགྲན་བསྡུར་འདི་ ལོ་གསུམ་རེའི་བར་ན་ཚར་རེ་འགོ་འདྲེན་འཐབ་ཨིན།
༢༽ ད་རེས་ཀྱི་དཔེ་དེབ་འདི་ སྤྱི་ལོ་༠༡/༠༡/༢༠༢༢ - ༣༡/༡༢/༢༠༢༤ གི་ནང་འཁོད་ལུ་པར་སྐྲུན་འབད་ཡོད་མི་ཅིག་དགོ།
༣༽ པར་དབང་འཆང་མི་འདི་གིས་རིག་རྩལ་གྱི་ཐོག་ལུ་ གསར་རྩོམ་འབད་འབདཝ་དགོཔ་དང་ དཔེ་དེབ་གཞན་ལས་མངམ་སྦེ་ར་འདྲ་བཤུས་རྐྱབ་སྟེ་འབྲི་མི་ལུ་ངོས་ལེན་མི་འབད།
༤༽ སྐད་ཡིག་གཞན་ལས་སྐད་སྒྱུར་འབད་ཡོད་མིའི་དཔེ་དེབ་ཚུ་ ངོས་ལེན་མི་འབད།
༥༽ ཅ་དངོས་དང་སློབ་སྟོན་ལག་དེབ། ཚིག་མཛོད་དང་ཐ་སྙད་ཀྱི་དཔེ་དེབ་རིགས་ཚུ་ ངོས་ལེན་མི་འབད།
༦༽ གཞུང་གི་ཡིག་ཚང་ཚུ་གིས་པར་སྐྲུན་འབད་བའི་དཔེ་དེབ་ཚུ་ འགྲན་བསྡུར་གྱི་གྲངས་སུ་བཙུགས་ནི་མེད།
༧༽ དཔེ་དེབ་ནང་ཚིག་འབྲུ་བསྡོམས་༢༠,༠༠༠ ལས་མ་ཉུངམ་ཅིག་དགོ།
༨༽ རྫོང་ཁའི་སྐད་ཡིག་ཐོག་ལུ་རྩོམ་སྒྲིག་འབད་འབདཝ་དགོ།
༩༽ དཔེ་དེབ་གཞན་ལུ་ ཁུངས་གཏུགས་འབད་ཡོད་པ་ཅིན་ ལུང་འདྲེན་དང་རྒྱབ་རྟེན་དཔེ་དེབ་བཀོད་ཐངས་ལྟར་ཚུལ་མཐུན་སྦེ་བཀོད་བཀོདཔ་དགོ།
༡༠༽ ཆགས་སྡང་ཕྱོགས་རིས་འབྲེལ་བའི་དོན་ཚན་ཚུ་མ་ཚུདཔ་སྦེ་དགོཔ་ཨིན།
༡༡༽ དཔེ་དེབ་འདི་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་ལས་ གནང་བ་ཐོབ་སྟེ་དཔེ་སྐྲུན་འབད་ཡོད་མི་ཅིག་དགོ།
༡༢༽ དཔེ་དེབ་ཚུ་ སྤྱི་ཚེས་༡༠/༠༣/༢༠༢༥ གི་ནང་འཁོད་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་ནང་སྤྲོད་དགོ།
༡༣༽ དཔེ་དེབ་འདི་ གོང་གི་གནད་དོན་ཚུ་བལྟ་སྟེ་གདམ་འཐུ་འབད་ནི་དང་ གདམ་འཐུ་མ་གྲུབ་པ་ཅིན་དཔེ་དེབ་འདི་ལོག་སྤྲོད་ནི།
༡༤༽ རྩོམ་རིག་ངོས་ལེན་འབད་མ་འབད་དང་ ལམ་ལུགས་སྒྱུར་བཅོས་འབད་ནིའི་དབང་ཚད་ཧྲིལ་བུམ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ལུ་ཡོད།
༡༥༽ གདམ་འཐུ་གྲུབ་མི་དཔེ་དེབ་ཚུ་ དེབ་གྲངས་བཞི་རེ་འབྱོར་རྟགས་དང་སྦྲགས་ སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་ནང་གནང་དགོཔ་དང་ དེབ་རིན་ཚུ་དཔེ་དེབ་ཀྱི་གོང་ཚད་དང་འཁྲིལ་སྤྲོད་ནི།
༡༦༽ དཔེ་དེབ་དྲག་ཤོས༌འཐོན༌མི༌འདི༌ལུ༌ གཟེངས༌བསྟོད༌ཀྱི༌ལག༌ཁྱེར༌དང་གཅིག་ཁར་ གསོལ་ར་གནང་ནི་ཨིན།
༡༧༽ གདམ་འཐུ་གྲུབ་མི་ཚུ་ལུ་ ལག་ཁྱེར་གྱི་ཐོབ་དབང་ཡོད།
༡༨༽ རང་སོའི་མིང་དང་ཁ་བྱང་ཚུ་ ཁ་གསལ་སྦེ་བཀོད་དགོ།
༡༩༽ རྩོམ་སྒྲིག་པ་དང་དཔེ་དེབ་ཀྱི་བར་ན་ པར་དབང་གསལ་ཏོག་ཏོ་མེད་མི་ དཔེ་འབདན་ དཔེ་དེབ་གཅིག་ལུ་རྩོམ་སྒྲིག་པ་གཉིས་ལས་ལྷག་ནི་དང་ དཔེ་དེབ་འདི་རྩོེམ་སྒྲིག་པའི་མིང་ཐོག་གུར་མེན་པར་ ཚོང་ལས་ཁང་ཡང་ན་ཡིག་ཚང་གི་མིང་ཐོག་ཁར་ཡོད་མི་བཟུམ་ཚུ་ པར་དབང་ཁ་གསལ་སྦེ་བཙུགས་དགོཔ་དང་ གལ་སྲིད་ཉོག་བཤད་རེ་འཐོན་ཚེ་ དེའི་ཉེན་ཁ་ཚུ་ལས་ཁུངས་ཀྱིས་མི་འབག།
༢༠༽ གོང་ལུ་མ་ཚུད་པའི་གནད་དོན་གཞན་ཚུ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ལུ་ རང་དབང་ཧྲིལ་བུམ་ཡོད།