Loading Language ...
རྫོང་ཁ། English
གནས་ཚུལ། - རྫོང་ཁ་གོང་འཕེལ་ལྷན་ཚོགས།

གནས་ཚུལ།

Tweet
གློག་འཕྲིན།

ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ཡོདཔ།

18 / ༡༢ / 2020
སྤྱི་ཚེས་ ༡༦/༡༢/༢༠ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ འབྲུག་གི་རྩ་བ་གསུམ་ལུ་ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ཡོད་མི་ཞི་གཡོགཔ་ཚུ་ལུ་ གཟེངས་བསྟོད་ཀྱི་རྟགས་མ་གནང་ནིའི་ལས་རིམ་ཅིག་འགོ་འདྲེན་འཐབ་ཅི། དུས་ཅི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ལས་ འགོ་དཔོན་དང་ལས་བྱེདཔ་ ༦ གིས་ ཞི་གཡོག་གཟེངས་བསྟོད་རྟགས་མ་ཐོབ་ཡོདཔ་ཨིན། ...

རྫོང་རྒྱུགས་ཀྱི་མོ་བཏབ་ལས་རིམ་འགོ་འདྲེན་འཐབ་ཡོདཔ།

03 / ༡༢ / 2020
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས་ ༼རྫོང་རྒྱུགས།༽ ཟེར་བའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ལྕོགས་གྲུབ་དང་ཤེས་ཚད་དབྱེ་ཞིབ་འབད་ནིའི་ལམ་ལུགས་ཅིག་བཟོ་ཡོད་མི་འདི་ ད་རེས་ རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་དེ་ཚུ་ནང་ལས་ཕར་ མོ་བཏབ་ཀྱི་ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། རྫོང་རྒྱུགས་ཀྱི་མོ་བཏབ་ལས་རིམ་འདི་ ...

ཁག་འབག་གི་གན་རྒྱ་གུར་མཚན་རྟགས་བཀོད་ཡོདཔ།

25 / ༡༡ / 2020
སྤྱི་ཚེས་༢༣/༡༡/༢༠༢༠ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ཀྲོང་གསར་སྟག་རྩེ་ལུ་ཡོད་པའི་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་གཉིས་ཀྱི་བར་ན་ ཁག་འབག་གི་གན་རྒྱ་གུར་མཚན་རྟགས་བཀོད་ཡོདཔ་ཨིན། འདི་ཡང་ ལོ་ལྔ་འཆར་གཞི་༡༢ པའི་དམིགས་བསལ་ལས་འགུལ་ ཌི་ཇི་ཊཱལ་འབྲུག་ཡུལ་གྱི་འོག་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨིང་སྐད་དང་རྫོང་ཁའི་བར་ན་ ...

རྫོང་ཁའི་ལྕོགས་གྲུབ་སྦྱོང་བརྡར།

04 / ༠༨ / 2020
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ལས་རིམ་སྡེ་ཚན་གྱིས་ རྫོང་ཁའི་ལྕོགས་གྲུབ་སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཡོད། དེ་ནང་གཞུང་གི་ལས་སྡེ་ཁག་༧ དེ་ཅིག་ལས་མི་ངོམ་བསྡོམས་༡༥ གིས་བཅའ་མར་གཏོགས་ཡོད། སྦྱོང་བརྡར་ནང་སློབ་སྟོན་འབད་ཡོད་པའི་དོན་ཚན་ཡང་ རྫོང་ཁའི་བརྡ་སྦྱོར། ཡིག་བསྐུར་རྣམ་གཞག། གསལ་བཤད་དང་གསལ་ཞུ། སྐད་སྒྱུར། ཡུ་ནི་ཀོཊ་གློག་རིག་ལམ་ལུགས་ཚུ་སྟོན་ཡོདཔ་ཨིན། ...

ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ཡོདཔ།

11 / ༡༢ / 2019
ད་རེས་ སྤྱི་ཚེས་ ༡༡/༡༢/༢༠༡༩ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ འབྲུག་གི་རྩ་བ་གསུམ་ལུ་ལྷག་བསམ་རྣམ་དག་གི་སྒོ་ལས་  ཕྱག་ཞུ་ཡོད་མི་ཞི་གཡོགཔ་ཚུ་ལུ་གཟེངས་བསྟོད་ཀྱི་རྟགས་མ་གནང་ནིའི་ལས་རིམ་ཅིག་འགོ་འདྲེན་འཐབ་ཅི། དུས་ཅི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ལས་འགོ་དཔོན་དང་ལས་བྱེདཔ་ ༤ གིས་ ཞི་གཡོག་གཟེངས་བསྟོད་རྟགས་མ་ཐོབ་ཡོདཔ་ཨིན། ...

གུ་གཱལ་༼Google༽གྱིས་ ཇོ་མོ་ལྷ་རི་ ཡིག་གཟུགས་བཙུགས་ཡོདཔ།

11 / ༡༢ / 2019
རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ཀྱིས་ཞུ་བ་འབདཝ་བཞིན་དུ་ ཀིརིསི་ཊོ་ཕར་ ཇེ་ ཕིན་༼Christopher J. Fynn༽གྱིས་བཟོ་ཡོད་མི་ སྟོང་པར་ལག་ལེན་འཐབ་ཆོག་པའི་ཡུ་ནི་ཀོཊ་གི་ཡིག་གཟུགས་ ཇོ་མོ་ལྷ་རི་འདི་ གུ་གཱལ་༼Google༽གྱི་ཡིག་གཟུགས་ཀྱི་མཛོད་ནང་བཙུགས་ཡོདཔ་ཨིན། https://fonts.google.com/specimen/Jomolhari ཡིག་གཟུགས་འདི་ གུ་གཱལ་༼Google༽གྱི་རིམ་ལུགས་ ...

བསམ་འཕེལ་གསུམ་པའི་འཁྲབ་སྲུང་དྲག་ཤོས་འཐོན་མི་ཚུ་ལུ་ངོས་ལེན།

15 / ༡༡ / 2019
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་འགུལ་བརྙན་བསམ་འཕེལ་གསུམ་པའི་འཁྲབ་སྲུང་བྲི་ནིའི་འགྲན་བསྡུར་འགོ་འདྲེན་འཐབ་ཡོད་མིའི་ནང་བཅའ་མར་གཏོགས་ཏེ་དྲག་ཤོས་འཐོན་མི་ལྔ་ལུ་ དངུལ་རྐྱང་གི་གསོལ་ར་དང་ལག་ཁྱེར་ཚུ་གནང་ཡོདཔ་ཨིན། དེ་ཡང་ ཁག་འབག་གི་སློབ་དཔོན་ཅིག་ཨིན་མི་ ངོམ་བཀྲིས་རྡོེ་གིས་ཨང་དང་པ་ཐོན་ཡོདཔ་དང་ དགེ་ལེགས་ཕུག་སློབ་གྲྭ་ཆེ་བའི་དབུ་འཛིན་འོགམ་ཟླ་བ་རྒྱལ་ཚན་གྱིས་ཨང་གཉིས་པ། ...

རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ མཁས་དབང་ཀརྨ་ཕུན་ཚོགས་གཉིས་ཀྱི་བར་ན་གན་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

02 / ༠༩ / 2019
སྤྱི་ཚེས་ ༢༨/༠༨/༢༠༡༩ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་དང་ བློ་ལྡན་གཞི་ཚོགས་ཀྱི་གཙོ་འཛིན་ མཁས་དབང་ཀརྨ་ཕུན་ཚོགས་གཉིས་ཀྱི་བར་ན་ ལཱ་གི་གན་ཡིག་གུ་མཚན་རྟགས་བཀོད་ཡོད། འདི་ཡང་ རྩིས་ལོ་ ༢༠༡༩-༢༠ ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ རྫོང་ཁའི་སྐད་ཡིག་ལྕོགས་གྲུབ་དང་ལག་ལེན་ཟེར་བའི་བརྗོད་དོན་ཐོག་ལུ་ ...

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ནང་ཨང་དང་པ་ཐོན་ཡོདཔ།

19 / ༠༥ / 2019
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ འཆར་ལོ་ ༢༠༡༨-༢༠༡༩ གི་རྒྱལ་ཡོངས་ཀྱི་གནས་ཚད་ནང་ཡོངས་འབྲེལ་འཆར་སྒོ་གི་འགྲན་བསྡུར་འགོ་འདྲེན་འཐབ་མིའི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་གིས་ཨང་དང་པ་ཐོན་ཡོད་མི་ལུ་ ངལ་རངས་ཀྱི་བཀྲིས་བདེ་ལེགས་ཡོད། འགྲན་བསྡུར་གྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཡོངས་བསྡོམས་ ༡༣༤ གི་ཐོ་བཀོད་འབད་ཡོདཔ་དང་དུས་ཅི་འབདཝ་ད་ ...

གཞལམ་སྒང་ལུ་རྫོང་ཁའི་ལྕོགས་གྲུབ་རྒྱ་སྐྱེད་སྦྱོར་བརྡར།

30 / ༠༤ / 2019
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་སྤྱི་ཚེས་༢༢/༤/༡༩ ལས་༢༧/༤/༡༩ ཚུན་གཞལམ་སྒང་རྫོང་ཁག་གི་ཞི་གཡོགཔ་བསྡོམས་༣༣ ལུ་ ས་གནས་ཏིང་ཏི་སྦིས་ལུ་སྦེ་བདུན་ཕྲག་གཅིག་གི་རིང་ལུ་ རྫོང་ཁའི་ཁ་གསོ་སྦྱོང་བརྡར་ཅིག་བྱིན་ཡོདཔ་ཨིན། སྦྱོང་བརྡར་འདི་ནང་རྫོང་ཁའི་བརྡ་སྦྱོར། ཡིག་འགྲུལ། རྫོང་ཁའི་གློག་རིག་དང་འགྲུལ་འཕྲིན་རིམ་ལུགས། སྐད་སྒྱུར། ...

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།