
སྤྱི་ཚེས་ ༢༨/༠༨/༢༠༡༩ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་དང་ བློ་ལྡན་གཞི་ཚོགས་ཀྱི་གཙོ་འཛིན་ མཁས་དབང་ཀརྨ་ཕུན་ཚོགས་གཉིས་ཀྱི་བར་ན་ ལཱ་གི་གན་ཡིག་གུ་མཚན་རྟགས་བཀོད་ཡོད། འདི་ཡང་ རྩིས་ལོ་ ༢༠༡༩-༢༠ ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ རྫོང་ཁའི་སྐད་ཡིག་ལྕོགས་གྲུབ་དང་ལག་ལེན་ཟེར་བའི་བརྗོད་དོན་ཐོག་ལུ་ ཞིབ་འཚོལ་ཅིག་འབད་དོ་ཡོདཔ་ལས་ མཁས་དབང་ཀརྨ་ཕུན་ཚོགས་ཀྱིས་ ལོ་ངོ་ ༡ གི་རིང་ལུ་ འགན་ཚད་དང་འཁྲིལ་ཏེ་གྲོས་སྟོན་པ་སྦེ་ཕྱག་ཞུ་ནི་ཨིན། ཞིབ་འཚོལ་འབད་དགོ་མི་འདི་ ལྷན་ཚོགས་ཡིག་ཚང་གིས་འཆར་གཞི་ ༡༢ པའི་དམིགས་གཏད་ཚུ་འགྲུབ་ནི་དང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་དང་འབྲེལ་བའི་ ཁུངས་གཏུགས་ཀྱི་གནས་སྡུད་ཆ་ཚང་ཅིག་ བསྡུ་ལེན་འབད་ནིའི་དོན་ལུ་ཨིན། ཞིབ་འཚོལ་འདི་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་དང་རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ཁྱད་རིག་ རྒྱབ་སྐྱོར་ཐོག་ལས་འབད་དོ་ཡོདཔ་ཨིན།