Loading Language ...
རྫོང་ཁ། English
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ནང་ཨང་དང་པ་ཐོན་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ནང་ཨང་དང་པ་ཐོན་ཡོདཔ།

19 / ༠༥ / 2019 བཙུགས་མི། Tenzin Namgyel

Certificateབརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ འཆར་ལོ་ ༢༠༡༨-༢༠༡༩ གི་རྒྱལ་ཡོངས་ཀྱི་གནས་ཚད་ནང་ཡོངས་འབྲེལ་འཆར་སྒོ་གི་འགྲན་བསྡུར་འགོ་འདྲེན་འཐབ་མིའི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་གིས་ཨང་དང་པ་ཐོན་ཡོད་མི་ལུ་ ངལ་རངས་ཀྱི་བཀྲིས་བདེ་ལེགས་ཡོད། འགྲན་བསྡུར་གྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཡོངས་བསྡོམས་ ༡༣༤ གི་ཐོ་བཀོད་འབད་ཡོདཔ་དང་དུས་ཅི་འབདཝ་ད་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ལོ་གཉིས་འབྱེལཝ་འབྱེལ་སར་ ལོ་ལྟར་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན།

ཡོངས་འབྲེལ་འཆར་སྒོ་དབྱེ་ཞིབ་འདི་ཡང་ འོག་ལུ་བཀོད་ཡོད་པའི་ཚད་གཞི་གཙོ་ཅན་ཚུ་ལུ་གཞི་བཞག་སྟེ་འབད་ཡོདཔ་ཨིན།

༡༽ བཟོ་ལེགས་ཉེས། བརྒྱ་ཆ་ ༡༠།

༢༽ ནང་དོན་དང་དུས་མཐུན། བརྒྱ་ཆ་ ༤༠།

༣༽ ལག་ལེན་འཐབ་གོ་བདེ་མི་བདེ། བརྒྱ་ཆ་༢༠།

༤༽ ཉེན་སྲུང། བརྒྱ་ཆ་ ༣༠།

འགྲན་བསྡུར་གྱི་གྲུབ་འབྲས་འདི་ཡང་ སྤྱི་ཚེས་ ༡༧/༠༥/༢༠༡༩ ལུ་ རྒྱལ་སྤྱིའི་རྒྱང་འཕྲིན་དང་བརྡ་དོན་ཀྱི་མི་སྡེ་གི་ཉིནམ་ཐེངས་ ༥༠ པ་བརྩི་སྲུང་ཞུཝ་དང་འབྲེལ་ གསལ་བསྒྲགས་འབད་ཡོདཔ་ཨིན། རྟེན་འབྲེལ་བརྩི་སྲུང་འདི་ཡང་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གིས་ དབུ་བཞུགས་མཛད་ཡོདཔ་ཨིན།

གྲུབ་འབྲས་ཆ་ཚང་བལྟ་ནིའི་དོན་ལུ་ ནཱ་ལུ་ཨེབ་གནང།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།