
རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ཀྱིས་ཞུ་བ་འབདཝ་བཞིན་དུ་ ཀིརིསི་ཊོ་ཕར་ ཇེ་ ཕིན་༼Christopher J. Fynn༽གྱིས་བཟོ་ཡོད་མི་ སྟོང་པར་ལག་ལེན་འཐབ་ཆོག་པའི་ཡུ་ནི་ཀོཊ་གི་ཡིག་གཟུགས་ ཇོ་མོ་ལྷ་རི་འདི་ གུ་གཱལ་༼Google༽གྱི་ཡིག་གཟུགས་ཀྱི་མཛོད་ནང་བཙུགས་ཡོདཔ་ཨིན།
https://fonts.google.com/specimen/Jomolhari
ཡིག་གཟུགས་འདི་ གུ་གཱལ་༼Google༽གྱི་རིམ་ལུགས་ གུ་གཱལ་ཌོཀསི་དང་ གུ་གཱལ་ཨིསི་ལའིཌ། དེ་ལས་ གུ་གཱལ་ཤིཊ། ༼Google Docs, Google Slide, Google Sheet༽ ལ་སོགས་པའི་ནང་ལག་ལེན་འཐབ་བཏུབ་ནི་ཨིན་པའི་ཁར་ ཡོངས་འབྲེལ་འཆར་སྒོ་དང་རིམ་ལུགས་བཟོ་མི་ཚུ་གིས་ཡང་ ཡིག་གཟུགས་འདི་འཇམ་ཏོང་ཏོ་སྦེ་ལག་ལེན་འཐབ་ཚུགས་ནི་ཨིན་པས། གཞན་ཡང་ འདི་གིས་ གུ་གཱལ་ཨིསི་ལའིཌ་༼Google Slide༽ ནང་རྫོང་ཁའི་ཡི་གུ་ལེགས་ཤོམ་སྦེ་གསལ་སྟོན་འབད་མ་བཏུབ་པའི་དཀའ་ངལ་ཡོད་མི་འདི་ཡང་བསལ་ཚུགས་ནི་ཨིན་པས། ཡིག་གཟུགས་འདི་གུ་གཱལ་གྱི་རིམ་ལུགས་ཚུ་ནང་ལག་ལེན་འཐབ་ནིའི་དོན་ལུ་ “More fonts” ཟེར་མི་གུར་ཨེབ་སྟེ་ “Jomolhari” ཟེར་འཚོལ་གནང། དེ་ལས་ ཡིག་གཟུགས་འདི་གདམ་ཁ་རྐྱབ་ཞིནམ་ལས་ “Okey” གུར་ཨེབ་གནང། འདི་ཚར་གཅིག་རྐྱངམ་གཅིག་འབད་དགོ།