
ཞིབ་འཚོལ་སྡེ་ཚན་གྱི་ལཱ་འགན་ཚུ་ཡང་།
༡༽ རྫོང་ཁ་དང་ཨིང་ལིཤ་གི་བར་ན་ཞིབ་འཚོལ་འབད་དེ་རྫོང་ཁ་ཨིང་ལིཤ་གི་བརྡ་སྦྱོར་དང་། ཚིག་མཛོད། དེ་ལས་ཤན་སྦྱར་མིང་མཛོད་ཀྱི་ལཱ་རིགས་གཞན་ཚུ་འབད་ནི།
༢༽ ལུང་པའི་ཁ་སྐད་དང་ཨིང་ལིཤ་གི་བར་ན་ཞིབ་འཚོལ་འབད་དེ་དཔེ་དེབ་སྣ་ཚོགས་ཚུ་བརྩམ་ནི།
༣༽ རྫོང་ཁ་ཨིང་ལིཤ་ཚོགས་ཚིག་དཔེ་དེབ་ཚུ་བཟོ་ནི།
༤༽ བརྡ་དོན་འཕྲུལ་རིག་ནང་ལུ་སྐད་ཡིག་གི་ཞབས་ཏོག་བཙུགས་ནིའི་དོན་ལུ་དགོ་པའི་སྐད་ཡིག་དང་འབྲེལ་བའི་ལཱ་རིགས་ཚུ་འབད་ནི།
༥༽ རྒྱལ་ཡོངས་སྐད་ཡིག་དང་ལུང་པའི་ཁ་སྐད་དང་འབྲེལ་བའི་ཞིབ་འཚོལ་དང་ཞིབ་འཇུག་འབད་ནི།
༦༽ སྡེ་ཚན་གྱི་འགན་དབང་དང་འབྲེལ་བའི་རྫོང་ཁའི་སྐད་ཡིག་གི་གོ་བསྡུར་ཞལ་འཛོམས། རིག་བསྡུར། གྲོས་བསྟུན་ལ་སོགས་པ་ཚུ་འབད་ནི།
༧༽ ཕྱིའི༌སྐད་ཡིག་ཞིབ་འཚོལ་པ་ཚུ་དང་མཉམ་འབྲེལ་འབད་ནི་ཚུ་ཨིན།