
གོང་འཕེལ་སྡེ་ཚན་གྱི་ལཱ་འགན་
༡༽ རྫོང་ཁའི་ཚིག་མཛོད་ཚུ་བྲི་ནི་དང་དུས་མཐུན་བཟོ་ནི།
༢༽ རྫོང་ཁའི་བརྡ་སྦྱོར་གྱི་དཔེ་དེབ་ཚུ་བརྩམ་ནི་དང་དུས་མཐུན་བཟོ་ནི།
༣༽ རྫོང་ཁའི་མིང་མཛོད་ཚུ་བཟོ་ནི།
༤༽ ཆོས་སྐད་དང་རྫོང་ཁ་ཟུང་འབྲེལ་གྱི་ལཱ་རིགས་ཚུ་འབད་ནི།
༥༽ རྒྱལ་ཡོངས་སྐད་ཡིག་ལག་ལེན་དང་འབྲེལ་བའི་ཚད་ལྡན་གྱི་ལཱ་རིགས་ཚུ་འབད་ནི།
༦༽ རྫོང་ཁའི་ སྲུང། རྩོམ་གཞུང། བློ་ཟེ། དཔེ་གཏམ། ལྷག་དེབ། ཞབས་ཁྲ་ལ་སོགས་པ་ཚུ་བསྡུ་སྒྲིག་འབད་ནི།
༧༽ གཞུང་འབྲེལ་ཡིག་བསྐུར་རྣམ་གཞག་ཚུ་དུས་མཐུན་བཟོ་ནི།
༨༽ རྫོང་ཁའི་ཀུན་ཁྱབ་ཚིག་མཛོད་ བྲི་ནི་དང་དུས་མཐུན་བཟོ་ནི།
༩༽ རྫོང་ཁའི་གནས་ཚད་ཞིབ་འཚོལ་འབད་ནི།
༡༠༽ ཤེས་རིག་སློབ་གྲྭའི་ རྩ་གཞུང་དུས་མཐུན་བཟོ་ནི།