
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ འོག་ལུ་བཀོད་ཡོད་པའི་གཡོག་གི་དོན་ལུ་ཡི་གུ་བཙུགས་གནང་ཟེར་གསལ་བསྒྲགས་འབདཝ་ཨིན། ཡི་གུ་འདི་ཡང་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༧ གི་ཕྱི་རུ་ཆུ་ཚོད་ ༤ གི་གནང་འཁོད་ གསལ་བསྒྲགས་འདི་གི་མཇུག་ལུ་ཡོད་པའི་འབྲེལ་མཐུད་དེ་ལག་ལེན་འཐབ་སྟེ་ ཡོངས་འབྲེལ་ཐོག་ལུ་ བཙུགས་གནང་དགོ།
*ཡིག་ཆ་ཚུ་ངོ་མ་སྦེ་ཡིག་ཚང་ནང་བཙུགས་མི་དང་ གློག་འཕྲིན་ཐོག་ལུ་བཏང་མི་ཚུ་ ངོས་ལེན་མི་འབད།*
གོ་གནས། |
གོ་གནས་ཀྱི་གནས་རིམ། |
ལཱ་གཡོག་གི་དབྱེ་བ། |
ས་སྟོང་གི་གྱངས་ཁ། |
དུས་ཡུན། |
ཞིབ་རོགས་སྐད་སྒྱུར་པ། |
ཁྱད་འཛིན་༥ ཁ་པ། |
མཉམ་བསྡབས་ཁག་འབག། |
༡༠ |
ལོ་ ༡། |
ཡིག་ཆ་དགོཔ།
འོག་གི་ཡིག་ཆ་ཚུ་ཚངམ་སྦེ་བཙུགས་དགོ། ཡིག་ཆ་ཚུ་མ་བཙུགས་པའི་ཧེ་མ་ ཡིག་ཆ་གི་མིང་ “ངོ་སྤྲོད་ལག་ཁྱེར་ཨང་_ཡིག་ཆའི་མིང” (དཔེར་ན་ 11001100110_CV) སྦེ་བཏགས་དགོ། དེ་ལས་ཡིག་ཆ་རེ་རེ་བཞིན་དུ་གི་ཚད་གཞི་ 1MB ལས་ཉུངམ་སྦེ་བཟོ་དགོ། ཡིག་ཆ་ཚུ་ཡང་ PDF དང་པར་རིས་ སྦེ་རྐྱངམ་གཅིག་བཙུགས་བཏུབ།
༡༽ ཞི་གཡོག་ཞུ་ཡིག་འབྲི་ཤོག། 4/1
༢༽ ཁྱད་ཡོན་ཐོ།
༣༽ མཐོ་རིམ་ཤེས་ཚད་ཀྱི་ལག་ཁྱེར།
༤༽ མཐོ་རིམ་ཤེས་ཚད་ཀྱི་སྐུགས་ཁྲམ།
༥༽ སློབ་རིམ་༡༢ པའི་ལག་ཁྱེར།
༦༽ སླམ་རིམ་༡༢ པའི་སྐུགས་ཁྲམ།
༧༽ མི་ཁུངས་ངོ་སྤྲོད་ལག་ཁྱེར།
༨༽ གསོ་བའི་ལག་ཁྱེར།
༩༽ ཁྲིམས་སྲུང་ཉོག་མེད་ལག་ཁྱེར།
༡༠༽ ལཱ་གཡོག་ཡོད་མི་ཨིན་པ་ཅིན་ ཡིག་ཚང་ལས་ཉོག་མེད་ལག་ཁྱེར།
ཕྱི་སེལ་གྲུབ་མི་ཚུ་གིས་གདམ་འཐུའི་དྲིས་ལན་གྱི་སྐབས་ ཡིག་ཆ་ངོ་མ་ཚུ་འབག་འོང་དགོ།
ཡོངས་འབྲེལ་ཐོག་ལུ་ ཞུ་ཡིག་བཙུགས་ནིའི་དོན་ལུ་ནཱ་ལུ་ཨེབ་གནང། གློག་འཕྲིན་ཐོག་ལུ་བཏང་མི་ཚུ་ ངོས་ལེན་མི་འབད།
ཁ་གསལ་མཁྱེན་འདོད་ཡོད་པ་ཅིན་ བརྒྱུད་འཕྲིན་ཨང་ ༠༢-༣༢༢༦༦༣ ནང་བརྒྱུད་འཕྲིན་གཏང་གནང།