Loading Language ...
རྫོང་ཁ། English
རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས ༡ པ་འཚོགས་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས ༡ པ་འཚོགས་ཡོདཔ།

11 / ༠༡ / 2018 བཙུགས་མི། Tenzin Namgyel
Expert committee members with secretary

སྤྱིར་བཏང་ འབྲུག་རྒྱལ་ཁབ་ནང་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་བཟོ་ནི་དང་ རྗོད་སྒྲ་ཞིབ་འཚོལ་དང་དབྱེ་དཔྱད་ཐོག་གཏན་འབེབས་བཟོ་ནི་ མི་སྡེ་ནང་ལག་ལེན་འཐབ་མི་རྫོང་ཁའི་མིང་ཚིག་ཚུ་ ཡིག་ཐོག་ལུ་བཀོད་དེ་གཏན་འབེབས་བཟོ་ནི་ རྫོང་ཁའི་བརྡ་སྦྱོར་ཚུ་ སྐད་ཡིག་རིག་པའི་ལམ་ལུགས་དང་མཐུནམ་སྦེ་བཟོ་ནི་ དེ་ལས་ མིང་ཚིག་གསར་རྩོམ་འབད་མི་ཚུ་གཏན་འབེབས་བཟོ་ནིའི་དོན་ལུ་ རྒྱལ་ཁབ་ནང་ལས་ རྫོང་ཁའི་ཤེས་ཡོན་དང་ཉམས་མྱོང་ཡོད་པའི་འཐུས་མི་ ༡༡ གདམ་འཐུ་འབད་དེ་ རྫོང་ཁའི་མཁས་ཚོགས་ཅིག་གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་ ༢༠༡༨ ཟླ་ ༡ པའི་ཚེས་ ༨ ལས་ ༩ ཚུན་ ཉིནམ་གཉིས་ཀྱི་རིང་ ཐིམ་ཕུག་གི་ས་གནས་སར་སྦི་ཐང་ལུ་སྦེ་ ཞལ་འཛོམས་ཐེངས་ ༡ པ་འདི་འགོ་འདྲེན་འཐབ་ཅི། ཞལ་འཛོམས་འདི་ནང་ འཐུས་མི་ཚུ་ལུ་ མཁས་ཚོགས་ཀྱི་སྒྲིག་གཞི་དང་ཁྱད་རིག་གི་ལམ་སྟོན་ཚུ་གསལ་ཞུ་འབད་དེ་ སྒྲིག་གཞི་དང་བསྟུན་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལུང་བསྟན་རྒྱ་མཚོ་འདི་ མཁས་ཚོགས་ཀྱི་ཁྲི་འཛིན་སྦེ་ མོས་མཐུན་གྱི་ཐོག་ལས་གདམ་འཐུ་འབད་ཡི། དེ་ལས་ ལྷན་ཚོགས་ཡིག་ཚང་གིས་ རྒྱལ་ཁབ་ནང་ ཧེ་མ་ལས་སླབ་སྲོལ་ཡོད་པའི་ རྫོང་ཁའི་མིང་ཚིག་བསྡུ་སྒྲིག་འབད་དེ་ཡོད་མི་ཚུ་ རྫོང་ཁའི་ངག་གཤིས་ནང་སླབ་སྲོལ་ཡོད་མེད་ཀྱི་ དབྱེ་ཞིབ་དང་གྲོས་བསྡུར་མཐིལ་ཕྱིན་འབད་དེ་ ཡིག་སྡེབ་དང་རྗོད་སྒྲ་ཚུ་ཡང་གཏན་འཁེལ་བཟོ་གནང་ཡི།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།