
སྤྱི་ཚེས་ ༡༦/༠༡/༢༠༡༨ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་གཉིས་ཀྱི་བར་ན་ ཆིངས་ཡིག་གུ་མཚན་རྟགས་བཀོད་གནང་ཡོད།
ཆིངས་ཡིག་འདི་ཡང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱིས་ རྫོང་ཁ་འབྲི་ནི་དང་། སླབ་ནི། ཨམ་སྲུ་དང་ཨ་ལུ་དང་འབྲེལ་བའི་ཁྱད་རིག་གི་ཐ་སྙད་དཔེ་དེབ་བཟོ་ནི། དེ་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ལུ་ རྫོང་ཁའི་རྒྱབ་སྐྱོར་གང་དྲགས་འཕུལ་ནིའི་ཁས་ལེན་ལུ་མཚན་རྟགས་བཀོད་ཡོདཔ་ཨིན། ཆིངས་ཡིག་འདི་གིས་ཐོག་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཡིག་ཚང་གི་ལས་བྱེདཔ་ཚུ་གི་རྒྱུད་ལུ་རྫོང་ཁའི་ལྕོགས་སྒྲུབ་རྒྱ་སྐྱེད་གཏང་སྟེ་ ལྷན་ཚོགས་ཡིག་ཚང་ནང་ རྫོང་ཁ་འདི་སྔར་བ་ལྷགཔ་སྦེ་ལག་ལེན་འཐབ་ཚུགས་པའི་རེ་བ་ཡོད།