
སྤྱི་ཚེས་ ༣༠/༠༡/༢༠༡༨ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གཉིས་ཀྱི་བར་ན་ ཆིངས་ཡིག་གུ་མཚན་རྟགས་བཀོད་གནང་ཡོད།
ཆིངས་ཡིག་འདི་ཡང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་དང་རྫོང་ཁ་གོང་འཕེལ་ལྷན་ཚོགས་གཉིས་ཀྱིས་མཉམ་རུབ་ཐོག་ལས་ རྫོང་ཁ་དང་ལུང་ཕྱོགས་ཀྱི་ཁ་སྐད་ཚུ་ཞིབ་འཚོལ་འབད་དེ་ གྲུབ་འབྲས་ཚུ་པར་སྐྲུན་དང་བརྗེ་སོར་འབད་ནི། སྐད་ཡིག་གོང་འཕེལ་དང་དར་ཁྱབ་ཀྱི་ལས་སྣ་ཚུ་ནང་མཉམ་འབྲེལ་འབད་ནི། སྦྱོང་བརྡར་དང་གྲོས་བསྡུར་ལས་རིམ་ཚུ་འགོ་འདྲེན་འཐབ་ནི། སྐད་ཡིག་དང་འབྲེལ་བའི་ལས་འགུལ་དང་མ་དངུལ་རྒྱབ་སྐྱོར་ཚུ་ནང་མཉམ་འབྲེལ་འབད་ནིའི་ཁས་ལེན་ལུ་མཚན་རྟགས་བཀོད་ཡོདཔ་ཨིན།