Loading Language ...
རྫོང་ཁ། English
མི་དམངས་ཞབས་ཏོག་གི་དོན་ལུ་རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་འགོ་འབྱེད་འབད་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

མི་དམངས་ཞབས་ཏོག་གི་དོན་ལུ་རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་འགོ་འབྱེད་འབད་ཡོདཔ།

09 / ༠༢ / 2017 བཙུགས་མི། Tenzin Namgyel
Mobile apps

མི་དམངས་ཞབས་ཏོག་ཡར་དྲག་གཏང་ནིའི་དོན་ལུ་ བློན་ཆེན་ཡིག་ཚང་འོག་གི་ གཞུང་ལས་མི་སེར་ཞབས་ཏོག་ཡིག་ཚང་གིས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་མཉམ་འབྲེལ་གྱི་ཐོག་ལུ་ འགྲུལ་འཕྲིན་གྱི་རིམ་ལུགས་མ་འདྲཝ་ ༡༥ བཟོ་ཡོདཔ་ཨིན། རིམ་ལུགས་ཚུ་ཡང་ འབྲུག་གི་མི་རྗེ་བློན་ཆེན་མཆོག་གིས་ སྤྱི་ཚེས་ ༩/༡/༢༠༡༧ གི་དྲོ་པ་ མི་རྗེ་བློན་པོ་དང་ དྲགོས་དྲུང་ཆེན། དེ་ལས་ལས་སྡེ་ཁག་གི་འགོ་དཔོན་ཚུ་དང་བརྡ་དོན་དང་བརྒྱུད་འབྲེལ་འགོ་དཔོན་ཚུ་འཛོམས་ཐོག་ལས་ འགོ་འབྱེད་འབད་ཡོདཔ་ཨིན། རིམ་ལུགས་ ༡༥ གི་གྲངས་སུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་དང་མཉམ་འབྲེལ་གྱི་ཐོག་ལུ་ རྫོང་ཁའི་ཚིག་མཛོད་རིམ་ལུགས། ཨ་ལུའི་དོན་ལུ་རྫོང་ཁའི་རིམ་ལུགས། རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད་ཀྱི་རིམ་ལུགས་བརྩིས་ཏེ་ རིམ་ལུགས་གསུམ་ཡང་ཡོདཔ་ཨིན། རྫོང་ཁའི་རིམ་ལུགས་ཚུ་གི་ཁ་གསལ་ཡང།

༡) རྫོང་ཁའི་ཚིག་མཛོད་རིམ་ལུགས།

     རིམ་ལུགས་འདི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ཚིག་མཛོད་གསུམ་ཚུད་དེ་ཡོདཔ་དང་ དེ་ཚུ་ཡང་ (༡) རྫོང་ཁའི་ཚིག་མཛོད། (༢) རྫོང་ཁ་ཨིང་ལིཤ་ཚིག་མཛོད། 
    (༣) ཨིང་ལིཤ་རྫོང་ཁ་ཚིག་མཛོད་བཅས་གསུམ་ཡོདཔ་ཨིན།

༢) ཨ་ལུའི་དོན་ལུ་རྫོང་ཁའི་རིམ་ལུགས།

     རྫོང་ཁའི་རིམ་ལུགས་འདི་ནང་ བློ་གསར་དང་ དེ་ཡན་ཆད་ཀྱི་ ཨ་ལུ་ཚུ་ལུ་ ཉེ་བར་མཁོ་བའི་དོན་ཚན་དང་མིང་ཚིག་ཚུ་ པར་དང་ཡིག་སྡེབ་ སྒྲ་དང་བཅསཔ་སྦེ་བཙུགས་ཡོདཔ་ཨིན།

༣) རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད་ཀྱི་རིམ་ལུགས།

     རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད་ཀྱི་རིམ་ལུགས་འདི་ནང་ རང་གི་རྒྱུད་ལུ་ རྫོང་ཁའི་བརྡ་སྦྱོར་དང་ ཡིག་སྡེབ། ཕལ་སྐད་ཞེ་ས། ཨང་གྲངས། ཡིག་སྦྱོར་ཚུ་གི་ཤེས་ཡོན་བརྟག་དཔྱད་འབད་ནིའི་དོན་ལུ་ དྲི་བ་དང་ལན་སྦེ་བཟོ་ཡོདཔ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།