
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ན་གཞོན་ལཱ་གཡོག་འཚོལ་བའི་བསྒང་ཡོད་མི་བསྡོམས་ ༣༠ ལུ་ སྤྱི་ཚེས་ ༡༩/༦/༡༧ ལས་ ༢༤/༦/༡༧ ཚུན་ བདུན་ཕྲག་གཅིག་གི་རིང་ལུ་ རྫོང་ཁའི་ལག་ལེན་ལྕོགས་གྲུབ་ཡར་སེང་གི་སྦྱོར་བརྡར་བྱིན་ཡོད། སྦྱོང་བརྡར་འདི་ཡང་ མི་དམངས་གསལ་བསྒྲགས་འབད་ཐོག་ལས་ སློབ་རིམ་ ༡༠ པ་དང་ ༡༢ པ་ དེ་ལས་ སློབ་རིམ་ ༡༥ མཐར་འཁྱོལ་མི་ བུཚ་ ༩ དང་བུམོ་ ༢༡ གདམ་འཐུ་འབད་དེ་ རྫོང་ཁའི་བརྡ་གཞུང་། རྫོང་ཁའི་ཡུ་ནི་ཀོཊ་རིམ་ལུགས་དང་འགྲུལ་འཕྲིན་ལམ་ལུགས། རྫོང་ཁའི་ཡིག་འགྲུལ། ཡིག་སྣོད་འཛིན་སྐྱོང། རྫོང་ཨིང་སྐད་སྒྱུར་ཚུ་ནང་སྦྱོང་བརྡར་བྱིནམ་དང་འབྲེལ་ དྲུང་ཆེན་མཆོག་གིས་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་གལ་ཆེ་ལུགས་དང་ཉམས་སྲུང་འབད་དགོ་པའི་བཀའ་སློབ་གནང་ཡི། སྦྱོང་བརྡར་དེ་གིས་ ཁོང་རའི་ཤེས་ཡོན་གུ་ ལྕོགས་གྲུབ་ཡར་སེང་བཏང་ཚུགས་ཡོདཔ་ལས་ ལཱ་གཡོག་འཚོལ་བའི་སྐབས་ཕན་ཐོགས་ཚུགས།