
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ཚེས་ ༠༥/༠༦/༢༠༡༧ ལུ་ བརྡ་བརྒྱུདཔ་ལས་ཁང་ཚུ་ནང་ལས་ མི་གྲངས་ ༡༣ དང་གཅིག་ཁར་ རྫོང་ཁའི་ཡིག་སྡེབ་ཀྱི་དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་ ས་གནས་གསར་སྦིས་ཐང་ ཨའི་ཨེམ་ཨེས་མགྱོན་ཁྱིམ་ནང་ལུ་ ཉིནམ་གཅིག་གི་རིང་གོ་བསྡུར་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཅི། དེ་བསྒང་ བརྡ་བརྒྱུདཔ་ཚུ་གིས་ ཡིག་སྡེབ་དག་པ་ཅིག་ལུ་ ལག་ལེན་འཐབ་གོ་མ་བདེ་བའི་ཉོག་བཤད་དང་བསམ་འཆར་ཚུ་བཀོད་ཡོད་རུང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་ཁ་ཐུག་ལས་ དེ་ཚུའི་ཁུངས་དང་དགོས་པ་ཚུ་བཤད་བྱིན་ཐོག་ལས་ མཐའ་མཇུག་ལུ་བརྡ་བརྒྱུདཔ་ཚུ་གིས་ ད་ལས་ཕར་ ལྷན་ཚོགས་ཡིག་ཚང་གི་ཡིག་སྡེབ་གུ་གནས་ནི་སྦེ་གྲོས་ཐག་བཅད་གནང་ཡོད་པའི་གནས་ཚུལ།