
སྤྱི་ལོ་ ༢༠༡༨ ཟླ་ ༧ པའི་ཚེས་ ༡༣ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁྲི་འཛིན་ འབྲུག་གི་མི་རྗེ་བློན་ཆེན་མཆོག་གིས་རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ ཨིང་རྫོང་གཞི་རྟེན་གློག་རིག་མིང་མཛོད། གཞུང་འབྲེལ་རྫོང་ཁའི་ཚིག་མཛོད་ཆེན་མོ་བཅས་དཔེ་དེབ་གསརཔ་གསུམ་དང་ ཨ་ལུ་ཚུའི་དོན་ལུ་བསམ་འཕེལ་ཟེར་བའི་རྫོང་ཁའི་འགུལ་བརྙན་གཅིག་ དེ་ལས་ རྫོང་ཁའི་ཚོགས་ཚིག་དང་རྫོང་ཁའི་ཡིག་སྡེབ་ཀྱི་རྩེདམོ་ཟེར་བའི་འགྲུལ་འཕྲིན་རིམ་ལུགས་གཉིས་གསར་བཏོན་མཛད་གནང་ཡོདཔ་ཨིན།