Loading Language ...
རྫོང་ཁ། English
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ནང་ཨང་དང་པ་ཐོན་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ནང་ཨང་དང་པ་ཐོན་ཡོདཔ།

01 / ༠༦ / 2018 བཙུགས་མི། Tenzin Namgyel

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཡོངས་འབྲེལ་འཆར་སྒོ་གི་འགྲན་བསྡུར་ཐེངས་ལྔ་པ་འགོ་འདྲེན་འཐབ་མིའི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་གིས་ཨང་དང་པ་ཐོན་ཏེ་ དྲག་ཤོས་ཀྱི་མིང་གཏམ་ཐོབ་ཡོདཔ་ཨིན། འགྲན་བསྡུར་འདི་གིས་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཡོངས་བསྡོམས་ ༡༣༥ གི་ཐོ་བཀོད་འབད་ཡོདཔ་དང་ འདི་ནང་ལུ་གཞུང་གི་ཡོངས་འབྲེལ་འཆར་སྒོ་ ༡༠༠ དང་། རང་སྐྱོང་ལས་སྡེ་ལས་ ༢༣། དེ་ལས་སྒེར་སྡེ་ལས་ཡོངས་འཆར་སྒོ་ ༡༢ ཀྱིས་བཅའ་མར་གཏོགས་ནུག

ཡོངས་འབྲེལ་འཆར་སྒོ་དབྱེ་ཞིབ་འདི་ཡང་ འོག་ལུ་བཀོད་ཡོད་པའི་ཚད་གཞི་བཞི་ལུ་གཞི་བཞག་སྟེ་ སྤྱི་ཚེས ༣༡/༠༨/༢༠༡༧ ལས་ ༢༨/༠༤/༢༠༡༨ ཚུན་ཚོད་འབད་ཡོདཔ་ཨིན་མས།

 

༡༽ བཟོ་ལེགས་ཉེས། བརྒྱ་ཆ་ ༡༠།

༢༽ ནང་དོན་དང་དུས་མཐུན། བརྒྱ་ཆ་ ༤༠།

༣༽ ལག་ལེན་འཐབ་གོ་བདེ་མི་བདེ། བརྒྱ་ཆ་༢༠།

༤༽ ཉེན་སྲུང། བརྒྱ་ཆ་ ༣༠།

 

སྤྱི་ཚེས་ ༠༡/༠༦/༢༠༡༨ ལུ་ མི་རྗེ་བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་གིས་ ཡོངས་འབྲེལ་འཆར་སྒོ་དྲོག་ཤོས་ཐོན་མིའི་ ལས་སྡེ་དང་ཡོངས་འབྲེལ་འཛིན་སྐྱོང་པ་ཚུ་ལུ་ གཟེངས་བསྟོད་ཀྱི་ལག་ཁྱེར་དང་གསོལ་ར་ཚུ་གནང་ཡོདཔ་ཨིན།

 

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།