
སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༡ ལས་འགོ་བཙུགས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ལས་རིམ་གཙོ་འཛིན་འོག་མ་ ངོམ་རྟ་མགྲིན་རྡོ་རྗེ་འདི་ ད་རེས་གཞུང་འབྲེལ་དུ་ བཀྲིས་གཡང་རྩེ་རྫོང་ཁག་གི་རྫོང་རབ་གོངམ་སྦེ་བསྐོ་བཞག་གནང་སྟེ་ཡོད། ཁོ་གིས་གཞུང་འབྲེལ་དུ་ ད་རེས་དྲོ་པ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ནང་ལུ་སྙན་ཞུ་འབད་དེ་ མི་རྗེ་ནང་སྲིད་བློན་པོ་མཆོག་ལས་བཀྲིས་ལེགས་དར་ཞུ་ཡོད། ངོམ་རྟ་མགྲིན་རྡོ་རྗེ་གིས་ རྫོང་རབ་གོང་མའི་གོ་གནས་འདི་ཀུན་གཏོགས་འགྲན་བསྡུར་གྱི་ཐོག་ལས་བཙག་འཐུ་གྲུབ་སྟེ་ཡོདཔ་ཨིན།
ད་རེས་ དགའ་བ་དང་སྐྱིད་པའི་ཉིནམ་དེ་ཁར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་ བཟའ་ཚང་འཐུས་མི་ཡོངས་ཀྱིས་ སློབ་རྟ་མགྲིན་ལུ་ བཀྲིས་བདེ་ལེགས་དང་བཅས་ ཕྱག་འགན་གསར་པའི་འགན་ཁག་བསྣམས་ཏེ་ཡོད་མི་ནང་ལུ་ མཐར་འཁྱོལ་འབྱུང་སྟེ་ ད་ལས་ཕར་ཡང་ གོ་གནས་ཚུ་རིམ་པ་བཞིན་དུ་ གོང་ནས་གོང་དུ་འཕེལ་ནིའི་ལེགས་སྨོན་དང་བཅས་པའི་བཀྲིས་བདེ་ལེགས་ཞུཝ་ཨིན།