Loading Language ...
རྫོང་ཁ། English
ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་གནང་ཡོདཔ།

13 / ༡༢ / 2018 བཙུགས་མི། Tenzin Namgyel

ད་རེས་ སྤྱི་ཚེས་ ༡༣/༡༢/༢༠༡༨ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ ཞི་གཡོག་གཟེངས་བསྟོད་རྟགས་མ་གནང་ནིའི་ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན། ལས་རིམ་འདི་ དང་པ་ར་ མར་ཆང་ཕུད་གཏོར་ཏེ་མངའ་བདག་རྒྱལ་པོའི་ཞབས་བརྟན་ཕུལ་བཞིནམ་ལས་ འབྲུག་གི་རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ལོ་ངོ་ ༣༠ དང་ ༢༠ དེ་ལས་ ༡༠ གི་རིང་ ཕྱག་ཞུ་ཡོད་མི་ཞི་གཡོགཔ་ཚུ་ལུ་རྟགས་མ་གནང་ཡོདཔ་ཨིན།

དུས་ཅི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ལས་འགོ་དཔོན་དང་ལས་བྱེདཔ་ ༦ གིས་ ཞི་གཡོག་གཟེངས་བསྟོད་རྟགས་མ་ཐོབ་ཡོདཔ་ཨིན། དེ་ཚུ་གིས་གྲས་ལས་ ལོ་ངོ་ ༣༠ ལྷག་སྟེ་གཞུང་ལུ་ཕྱག་ཞུ་མི་ ལྷན་ཚོགས་ཀྱི་དྲུང་ཆེན་ཚེ་དབང་ནོར་བུ་དང་ བདག་སྐྱོང་ལས་རོགས་གོངམ་བསོད་ནམས་ཆོས་སྒྲོན་ལུ་གསེར་གྱི་རྟགས་མ་དང་། ལོ་ངོ་ ༢༠ ལྷག་སྟེ་ཕྱག་ཞུ་མི་ སྐད་ཡིག་གོང་འཕེལ་གཙོ་འཛིན་འོགམ་བསྟན་འཛིན་དབང་ཕྱུག་དང་ཕྱགསམ་འཕྱག་མི་སྐལ་བཟང་ཆོས་སྒྲོན་ལུ་དངུལ་གྱི་རྟགས་མ་གནང་ཡོདཔ་ཨིན། འདི་བཟུམ་སྦེ་ ལོ་ངོ་ ༡༠ ལྷག་སྟེ་ཕྱག་ཞུ་མི་ ཞིབ་འཚོལ་འགོ་དཔོན་བསོད་ནམས་རིན་ཆེན་དང་དེད་གཡོགཔ་རྟ་མགྲིན་རྒྱལ་མཚན་ལུ་ཟངས་ཀྱི་རྟགས་མ་གནང་ཡོད།

འདི་དང་གཅིག་ཁར་ ལཱ་ཤུལ་གྲུབ་འབྲས་དང་འཁྲིལ་ཏེ་ངོས་འཛིན་འབད་ཡོད་པའི་ རྩིས་ལོ་ ༢༠༡༦-༡༧ གྱི་ ལས་བྱེདཔ་ཁྱད་འཕགས་ཅན་ ཞིབ་རོགས་སྐད་ཡིག་གོང་འཕེལ་འགོ་དཔོན་ཀརྨ་འབྲུག་དཀར་དང་། རྩིས་ལོ་ ༢༠༡༧-༡༨ ཀྱི་ ལས་བྱེདཔ་ཁྱད་འཕགས་ཅན་ བརྡ་དོན་འཕྲུལ་རིག་འགོ་དཔོན་གོངམ་བསྟན་འཛིན་རྣམ་རྒྱལ་གཉིས་ལུ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ གཟེངས་བསྟོད་ཀྱི་ལག་ཁྱེར་རེ་གནང་ཡོདཔ་ཨིན།

ད་རེས་ ག་ནི་བ་ཁྱད་དུ་འཕགས་པའི་དུས་སྟོན་འདི་ཁར་ གཟེངས་བསྟོད་ཀྱི་རྟགས་མ་དང་ལག་ཁྱེར་ཐོབ་མི་ཚུ་ལུ་ ཡིག་ཚང་གི་བཟའ་ཚང་ཧོངས་ལས་ ངལ་རངས་དང་བཅས་པའི་བཀྲིས་བདེ་ལེགས་ཕུལཝ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།