Loading Language ...
རྫོང་ཁ། English
སྐད་གཉིས་ཟུང་འབྲེལ་སྦེ་ཡོད་པའི་གཞུང་གི་ཡོངས་འབྲེལ་འཆར་སྒོའི་འཛིན་སྐྱོང་པ་ཚུ་ལུ་ལག་ཁྱེར་གནང་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

སྐད་གཉིས་ཟུང་འབྲེལ་སྦེ་ཡོད་པའི་གཞུང་གི་ཡོངས་འབྲེལ་འཆར་སྒོའི་འཛིན་སྐྱོང་པ་ཚུ་ལུ་ལག་ཁྱེར་གནང་ཡོདཔ།

02 / ༠༧ / 2018 བཙུགས་མི། Tenzin Namgyel

སྤྱི་ཚེས་ ༢༩/༠༦/༢༠༡༨ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁ་ཨིང་སྐད་ཟུང་འབྲེལ་གྱི་མཐུན་རྐྱེན་ཡོད་མིའི་གཞུང་གི་ལས་སྡེ་ ༡༦ གི་ཡོངས་འབྲེལ་འཆར་སྒོའི་ ཡོངས་འབྲེལ་འཛིན་སྐྱོང་པ་ཚུ་ལུ་ ངལ་རངས་ཀྱི་ལག་ཁྱེར་རེ་གནང་ཡོདཔ་ཨིན། ཡོངས་འབྲེལ་འཆར་སྒོ་སྐད་གཉིས་ཟུང་འབྲེལ་སྦེ་ཡོད་མི་འདི་གིས་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་དར་ཁྱབ་གཏང་ནི་ལུ་ཕན་ཐོག་ནི་ཨིན་པ་གིས་མ་ཚད་ ཁ་སྐད་ཀྱི་གདམ་ཁ་བྱིན་མི་འདི་གིས་ མི་དམངས་ལུ་ཞབས་ཏོག་ཡར་དྲག་གཏང་ནི་ལུ་ཡང་ ཕན་ཐོག་སྦོམ་ཡོདཔ་ཨིན། བརྡ་དོན་བརྒྱུད་འབྲེལ་དང་བརྒྱུད་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ འགོ་འདྲེན་འཐབ་ཡོད་མི་དང་འཁྲིལཝ་ད་ གཞུང་གི་ལས་སྡེ་ ༡༦ གི་ཡོངས་འབྲེལ་འཆར་སྒོ་ཚུ་ སྐད་གཉིས་ཟུང་འབྲེལ་གྱི་མཐུན་རྐྱེན་ཡོད་པའི་ནང་ལས་ ལས་སྡེ་ ༡༢ ཀྱི་ཡོངས་འབྲེལ་འཆར་སྒོའི་ནང་ རྫོང་ཁའི་དོན་ཚན་ཁྱབ་ཆེཝ་སྦེ་གཙུགས་ཡོདཔ་ཨིན་མས། སྐད་གཉིས་ཟུང་འབྲེལ་གྱི་མཐུན་རྐྱེན་ཡོད་མིའི་ཡོངས་འབྲེལ་འཆར་སྒོ་ཚུ་ཡང།

  1. རྫོང་ཁ་གོང་འཕེལ་ལྷན་ཚོགས། (www.dzongkha.gov.bt)
  2. འབྲུག་གི་རྒྱལ་ཡོངས་ཚོགས་སྡེ །(www.nationalcouncil.bt)
  3. འབྲུག་གི་རྒྱལ་ཡོངས་ཚོགས་འདུ །(www.nab.gov.bt)
  4. རྒྱལ་གཞུང་ཞི་གཡོག་ལྷན་ཚོགས། (www.rcsc.gov.bt)
  5. གཞུང་ གྲྭ་ཚང།(www.zhungdratshang.org)
  6. འབྲུག་གི་བཙག་འཐུ་ལྷན་ཚོགས (www.ecb.bt)
  7. རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས (www.gnhc.gov.bt)
  8. འབྲུག་གི་ཆོས་སྡེ་ལྷན་ཚོགས (www.cro.gov.bt)
  9. བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ (www.dit.gov.bt)
  10. བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག (www.moic.gov.bt)
  11. བསྟན་རྒྱས་ལྷན་ཁག (www.moea.gov.bt)
  12. དངུལ་རྩིས་ལྷན་ཁག (www.mof.gov.bt)
  13. རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས (www.ncwc.gov.bt)
  14. འབྲུག་གི་གནས་ཚད་ལས་ཁང (www.bsb.gov.bt)
  15. རྩོད་དཔོན་ཡོངས་ཁྱབ་ཡིག་ཚང (www.oag.gov.bt)
  16. སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ། (www.rdcyusipang.gov.bt)

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།