Loading Language ...
རྫོང་ཁ། English
ཡོངས་འབྲེལ་གྱི་ཁ་བྱང་སྐོར་ལས་ ICANN གི་གོ་བསྡུར་ཞལ་འཛོམས། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

ཡོངས་འབྲེལ་གྱི་ཁ་བྱང་སྐོར་ལས་ ICANN གི་གོ་བསྡུར་ཞལ་འཛོམས།

15 / ༠༢ / 2019 བཙུགས་མི། Tenzin Namgyel

སྤྱི་ཟླ་གཉིས་པའི་སྤྱི་ཚེས་ ༡༣ དང་ ༡༤ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་ལུ་ ཨའེ་ཀེན་ལས་སྡེ་གིས་ ཡོངས་འབྲེལ་ཁ་བྱང་ཚུ་སྐད་རིགས་མ་འདྲཝ་ཚུ་ནང་ཡོདཔ་བཟོ་ནིའི་དོན་ལུ་ ཐིམ་ཕུག་ལུ་སྦེ་ གོ་བསྡུར་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན།

གོ་བསྡུར་ཞལ་འཛོམས་ཀྱི་དམིགས་ཡུལ་འདི་ཡང་ འབྲེལ་ཡོད་ལས་སྡེ་ཚུ་ ཡོངས་འབྲེལ་ཁ་བྱང་ཚུ་སྐད་རིགས་མ་འདྲཝ་ཚུ་ནང་ཡོདཔ་བཟོ་ནིའི་སྐོར་ལས་གོ་བརྡ་སྤྲོད་ནི་དང་ ཊི་བེ་ཊན་གྱི་དོན་ལུ་ གྲོས་ཚོགས་ཀྱི་འཐུས་མི་གདམ་འཐུ་འབད་ནི་ཚུ་ཨིན་མས། གོ་བསྡུར་ཞལ་འཛོམས་འདི་ནང་ བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ དང་འབྲུག་བརྒྱུད་འཕྲིན་དེ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།