Loading Language ...
རྫོང་ཁ། English
གཞལམ་སྒང་ལུ་རྫོང་ཁའི་ལྕོགས་གྲུབ་རྒྱ་སྐྱེད་སྦྱོར་བརྡར། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

གཞལམ་སྒང་ལུ་རྫོང་ཁའི་ལྕོགས་གྲུབ་རྒྱ་སྐྱེད་སྦྱོར་བརྡར།

30 / ༠༤ / 2019 བཙུགས་མི། Tenzin Namgyel

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་སྤྱི་ཚེས་༢༢/༤/༡༩ ལས་༢༧/༤/༡༩ ཚུན་གཞལམ་སྒང་རྫོང་ཁག་གི་ཞི་གཡོགཔ་བསྡོམས་༣༣ ལུ་ ས་གནས་ཏིང་ཏི་སྦིས་ལུ་སྦེ་བདུན་ཕྲག་གཅིག་གི་རིང་ལུ་ རྫོང་ཁའི་ཁ་གསོ་སྦྱོང་བརྡར་ཅིག་བྱིན་ཡོདཔ་ཨིན། སྦྱོང་བརྡར་འདི་ནང་རྫོང་ཁའི་བརྡ་སྦྱོར། ཡིག་འགྲུལ། རྫོང་ཁའི་གློག་རིག་དང་འགྲུལ་འཕྲིན་རིམ་ལུགས། སྐད་སྒྱུར། གསལ་བཤད་དང་གསལ་ཞུ་ཚུ་གིས་སྐོར་ལས་སློབ་སྟོན་ཕུལ་ཡོདཔ་ཨིན། སྦྱོང་བརྡར་ཕུལ་དགོ་མི་འདི་ཡང་རྫོང་ཁག་ཚོགས་འདུའི་གྲོས་ཆོད་དང་འཁྲིལ་ རྫོང་ཁག་འདི་ནང་ གཞུང་འབྲེལ་གསལ་བཤད་དང་གསལ་ཞུ་ཚུ་དུས་རྒྱུན་རང་རྫོང་ཁའི་ནང་འབད་དགོཔ་ལས་ རྫོང་ཁ་མ་ཤེས་མི་ཚུ་ལུ་ སྦྱོང་བརྡར་ཅིག་ཁག་ཆེཝ་སྦེ་ཡོདཔ་དང་ རྒྱབ་སྐྱོར་ཅིག་ག་སྟེ་ལས་ཡང་མ་འཐོབ་ལས་བརྟེན་ཕུལ་ཡོད་པའི་གནས་ཚུལ།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།