Loading Language ...
རྫོང་ཁ། English
གཞུང་སྐྱོང་མཆོག་གྱུར་གན་ཡིག་གུ་་མཚན་རྟགས་བཀོད་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

གཞུང་སྐྱོང་མཆོག་གྱུར་གན་ཡིག་གུ་་མཚན་རྟགས་བཀོད་ཡོདཔ།

02 / ༠༣ / 2019 བཙུགས་མི། Tenzin Namgyel

སྤྱི་ཚེས་ ༢༧/༠༢/༢༠༡༩ ལུ་ ས་གནས་ཐིམ་ཕུག་གི་རྒྱལ་པོའི་མགྲོན་ཁང་ནང་སྦེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་རྩིས་ལོ་ ༢༠༡༨-༢༠༡༩ གི་གཞུང་སྐྱོང་མཆོག་གྱུར་གན་ཡིག་གུ་ འབྲུག་གི་མི་རྗེ་བློན་ཆེན་མཆོག་དང་དྲུང་ཆེན་གཉིས་ཀྱི་བར་ན་མཚན་རྟགས་བཀོད་ཡོདཔ་ཨིན། འདི་བཟུམ་སྦེ་ སྡེ་ཚན་སོ་སོའི་གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་གུ་ དྲུང་ཆེན་དང་འབྲེལ་ཡོད་གཙོ་འཛིན་ཚུ་གི་བར་ན་མཚན་རྟགས་བཀོད་ཡོད། གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་འདི་ཡང་ འཆར་གཞི་ ༡༢ པའི་ལས་སྣ་ཚུ་འགྲུབ་ནི་ལུ་དམིགས་ཏེ་ ལས་སྡེའི་ནང་འཁོད་ དགག་བཤེར་དང་ཚད་མཉམ་སྒྲིང་སྒྲི་བཟོ་ཐོག་ལས་ འགན་འཁྲི་བཀལ་ཐབས་ཅིག་ཨིན། རྩིས་ལོ་འདི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་གན་ཡིག་ནང་ དམིགས་ཡུལ་ ༥ དང་མཐར་འཁྱོལ་བརྡ་མཚོན་ ༣༠ འགྲུབ་དགོཔ་ཡོདཔ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།