
ཚིག་སྡེ། | Noun |
ཨིང་ལིཤ་གི་དོ་མཉམ། | Artificial Intelligence |
གོ་དོན། | གློག་རིག་གིས་ མི་བཟུམ་སྦེ་འབད་ཚུགས་པའི་བཟོ་བཅོས་འབད་ཡོད་པའི་རིག་པ། |
དཔེར་བརྗོད། | བཅོས་རིག་འདི་ སྐད་ཡིག་དང་འབྲེལ་བའི་འཕྲུལ་རིག་གོང་འཕེལ་གཏང་ནི་ན་ཡང་ ལག་ལེན་འཐབ་ཨིན་པས། |
ཚིག་སྡེ། | Noun |
ཨིང་ལིཤ་གི་དོ་མཉམ། | Algorithm |
གོ་དོན། | རྩིས་དང་འབྲེལ་བའི་དྲི་བ་ཅིག་གི་ལན་འཐོབ་ནིའི་དོན་ལུ་ གོ་རིམ་བཞིན་དུ་འབད་དགོ་པའི་བཀོད་རྒྱ། |
དཔེར་བརྗོད། | གློག་རིག་གི་རིམ་ལུགས་བཟོ་ཤེས་ནིའི་དོན་ལུ་ རྩིས་ཐབས་ཚུ་ལྷབ་དགོ། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Internship |
གོ་དོན། | ལཱ་གི་སྦྱང་བ་འཐོབ་ནིའི་དོན་ལུ་གནས་སྐབས་ཀྱི་གཡོག |
དཔེར་བརྗོད། | ང་རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་ལུ་གོམས་གཡོག་འབདཝ་ཨིན། |
ཚིག་སྡེ། | noun |
ཨིང་ལིཤ་གི་དོ་མཉམ། | Web page |
གོ་དོན། | ཡོངས་འབྲེལ་འཆར་སྒོའི་ནང་ཡི་གུ་ཚུ་བྲིས་ཡོད་པའི་ཤོག་ལེབ། |
དཔེར་བརྗོད། | ཡོངས་འབྲེལ་ཐོག་གི་ཚིག་མཛོད་ཀྱི་འཆར་ཤོག་འདི་འཚོལ་མ་འཐོབ། |