
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ཞི་གཡོག་ནང་ཡོད་མི་ཚུ་གི་དོན་ལུ་འོག་གི་ས་སྟོང་གསལ་བསྒྲགས་ཐེངས་༢པ་འབདཝ་ཨིན།
ཨང་ |
གོ་གནས་མིང། |
གོ་གནས་དབྱེ་རིམ། |
སྡེ་ཚན། |
ཤེས་ཚད། |
༡ |
ཞིབ་འཚོལ་ གཙོ་འཛིན་འགོ་དཔོན། |
ཁྱད་འཛིན་ ༡ |
ཞིབ་འཚོལ། |
ཉུང་མཐའ་གཙུག་ལག་གཞི་རིམ་དགོ་པའི་ཁར་ འབྲེལ་ཡོད་ལཱ་དང་གཙུག་ལག་གོང་མའི་ཤེས་ཚད་ཡོད་མི་ལུ་གོ་སྐབས་ཡོད། |
དང་འདོད་ཡོད་མི་ ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༣/༡༡/༢༠༡༧ ནང་འཁོད་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མ་དང་འཁྲིལ་ཏེ་ གཤམ་འཁོད་མཁོ་བའི་ཡིག་ཆ་ཚུ་དང་སྦྲགས་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་མི་སྟོབས་ལས་ཚན་ནང་ཞུ་ཡིག་བཙུགས་གནང་།
མཐའ་དཔྱད་དྲི་ལན་གྱི་དོན་ལུ་ཁ་གསལ་སྦེ་མཁྱེན་འདོད་ཡོད་པ་ཅིན་ མི་སྟོབས་འགོ་དཔོན་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༣༢༢༦༦༣ ནང་དང་ ཡང་ན་ ཡོངས་འབྲེལ་འཆར་སྒོ་ཨང་ thinleyd@dzongkha.gov.bt ཐོག་ལུ་འབྲེལ་བ་འཐབ་གནང་།
མི་སྟོབས་འགོ་དཔོན།