
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ཞི་གཡོག་ནང་ཡོད་མི་ཚུ་གི་དོན་ལུ་གཤམ་འཁོད་ ས་སྟོང་གསལ་བསྒྲགས་ཡང་བསྐྱར་འབདཝ་ཨིན།
ཨང་ |
གོ་གནས་མིང། |
གོ་གནས་དབྱེ་རིམ། |
ཤེས་ཚད་ཉུང་ཐ། |
ས་གནས། |
གྲངས། |
༡ |
ཞིབ་འཚོལ་གཙོ་འཛིན་འགོ་དཔོན་འོག་མ། |
ཁྱད་འཛིན་ ༢ |
གཞི་རིམ་གཙུག་ལག |
རྫོང་གོང་/ཐིམ་ཕུག |
༡ |
ཁྱད་འཕགས་གཞི་བཀོད་དང་ ཉུང་ཐ་གཞི་རིམ་གཙུག་ལག་ཤེས་ཚད་ཚང་མི་དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་གིས་ སྤྱི་ཚེས་ ༡༧/༩/༢༠༡༧ ནང་འཁོད་ གཤམ་གསལ་ལྟར་དུ་མཁོ་བའི་ཡིག་ཆ་ཚུ་དང་སྦྲགས་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་མི་སྟོབས་ལས་ཚན་ནང་ལུ་ཞུ་ཡིག་བཙུགས་གནང།
མཐའ་དཔྱད་དྲིས་ལན་གྱི་དོན་ལུ་ཕྱི་སེལ་རྐྱབ་པའི་སྐབས་ ལཱ་གི་ཉམས་མྱོང་དང་འབྲེལ་ཡོད་སྦྱོང་བརྡར་ཡོད་པའི་མི་ངོ་ཚུ་ལུ་ གདམ་ཁ་བྱིན་ནི་ཨིན།
ཁ་གསལ་སྦེ་མཁྱེན་འདོད་ཡོད་མི་ཚུ་གིས་ མི་སྟོབས་འགོ་དཔོན་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༣༢༢༦༦༣ ནང་དང་ ཡང་ན་ཡོངས་འབྲེལ་འཆར་སྒོ་ཨང་ thinleyd@dzongkha.gov.bt ཐོག་ལུ་འབྲེལ་བ་མཛད་གནང་ཞུ།