
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་དོན་ལུ་ གཤམ་གསལ་བཀོད་དེ་ཡོད་པའི་གཡོག་གི་ས་སྟོང་ཡོད་ལུགས་ཀྱི་གསལ་བསྒྲགས་འབདཝ་ཨིན།
ཨང | གོ་གནས་མིང། | ཤེས་ཚད་ཉུང་མཐའ། | གོ་གནས་དབྱེ་རིམ། | དགོ་གྲངས། | དྲན་གསོ། |
1 | ཞིབ་འཚོལ་འགོ་དཔོན་གཙོ་འཛིན། | གཙུག་ལག་གཞི་རིམ། | ཁྱད་འཛིན་༡པ། | 1 | ཞི་གཡོག་ནང་ཡོད་མི། |
2 | སྐད་ཡིག་གོང་འཕེལ་འགོ་དཔོན་གཙོ་འཛིན། | གཙུག་ལག་གཞི་རིམ། | ཁྱད་འཛིན་༡པ། | 1 | ཞི་གཡོག་ནང་ཡོད་མི། |
དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་གི་ འབྲུག་ཞི་གཡོག་སྒྲིག་གཞི་༢༠༡༢ ཅན་མའི་དོན་ཚན་༡༣.༧ ལེའུ་༡༣ པའི་འོས་འབབ་ཁྱད་ཆོས་ཚང་མི་ཚུ་གིས་ ཞུ་ཡིག་བཙུགས་གནང་།
ཕྱི་སེལ་གདམས་འཐུ་དོན་ལུ་ འབྲེལ་ཡོད་ཤེས་ཚད་/སྦྱོང་བརྡར་དང་ ཉམས་མྱོང་ཡོད་མི་ཚུ་ལུ་ གདམ་འཐུ་འབད་ནིའིའི་གོ་སྐབས་ཡོད། ཞུ་ཡིག་ཚུ་ རྫོང་གོང་བདག་སྐྱོང་སྡེ་ཚན་ནང་ སྤྱི་ཟླ་༧ པའི་ཚེས་༡ ལས་༨ ཚུན་གཤམ་གསལ་ཡིག་ཆ་དང་སྦྲགས་ཏེ་བཙུགས་གནང།
ཁ་གསལ་མཁྱེན་འདོད་ཡོད་པ་ཅིན་བརྒྱུད་འཕྲིན་ཨང་ ༣༢༢༦༦༣ ཐོག་ཡན་ལག་ཨང་ ༡༠༤/༡༢༤ ལུ་ཡིག་ཚང་དུས་ཚོད་ཁར་འབྲེལ་བ་མཛད་གནང་ཞུ། ཕྱི་སེལ་གདམས་འཐུ་འབད་མི་མི་ངོམ་ཚུ་ རྫོང་གོང་ཡོངས་འབྲེལ་ཁ་བྱང་ཐོག་ལས་ གསལ་བསྒྲགས་འབད་འོང།