
སྤྱི་ཚེས་ ༡༤/༠༧/༢༠༢༢ ལུ་ འགུལ་བརྙན་བསམ་འཕེལ་ཐོན་རིམ་ ༤ པ་བཟོ་ནིའི་དོན་ལུ་ འཁྲབ་སྲུང་བྲི་ནིའི་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་ཡོད་མི་ནང་ དང་འདོད་ཅན་གྱི་མི་ངོ་ ༡༦ གིས་བཅའ་མར་གཏོགས་ཏེ་འདུག། འཁྲབ་སྲུང་ཚུ་ ཡིག་ཚང་ནང་སྦེ་ དབྱེ་ཞིབ་ཚོགས་ཆུང་ཅིག་འཚོགས་ཏེ་ དབྱེ་ཞིབ་འབད་དེ་ཡོད། དེའི་གྲུབ་འབྲས་ཚུ་འོག་ལུ་བཀོད་དེ་ཡོད།
|
ཨང་། |
མིང་གསལ། |
༡༽ |
དང་པ། |
སྐྱིདཔ་ཅུ། |
༢༽ |
གཉིས་པ། |
བཀྲིས་རྡོ་རྗེ། |
༣༽ |
གསུམ་པ། |
ཟླ་བ་ཆོས་སྒྲོན། |
ཁྱབ་བསྒྲགས་འབད་ཡོད་མི་དང་འཁྲིལ་ ཨང་དང་པ། གཉིས་པ། གསུམ་པ་གསུམ་ལུ་ དངུལ་རྐྱང་གི་གསོལ་ར་དང་ལག་ཁྱེར་ དེ་ལས་ གྲལ་གཏོགས་མཛད་གནང་མི་ཚུ་ལུ་ ཡིག་ཚང་གིས་ངལ་རངས་ལག་ཁྱེར་གནང་ནི་ཨིནམ་ལས་ གསོལ་ར་དང་ལག་ཁྱེར་གྱི་དོན་ལུ་ སྤྱི་ཚེས་ ༠༦/༠༩/༢༠༢༢ དྲོ་པ་ཆུ་ཚོད་ ༩:༣༠ ནང་འཁོད་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་ཞལ་འཛོམས་ཁང་ནང་ བྱོན་ཏེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན།
ཁ་གསལ་དང་དོགས་སེལ་གྱི་དོན་ལུ་འགྲུལ་འཕྲིན་ཨང་ ༡༧༦༧༩༡༡༥ ནང་འབྲེལབ་འཐབ་གནང་།