
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲག་ཤོས་ཤེས་རབ་རྒྱལ་མཚན་མཆོག་ ཞི་གཡོག་ནང་ལུ་ལོ་ངོ་ ༣༧ དེ་ཅིག་ལྷག་བསམ་རྣམ་དག་གི་སྒོ་ལས་ཕྱག་ཕྱིད་ཞུ་བའི་རྗེས་སུ་ སྤྱི་ཚེས་ ༡༦/༡༢/༢༠༡༤ ལས་སྒྲིག་ལོ་ཚང་སྟེ་དགོངས་ཞུ་མཛད་ཡོདཔ་ལས་ ད་ལས་ཕར་ དྲུང་ཆེན་གསརཔ་བསྐོ་བཞག་མ་གནང་ཚུན་ ཞིབ་འཚོལ་གཙོ་འཛིན་ པདྨ་དབང་འདུས་ཀྱིས་དྲུང་ཆེན་ངོ་ཚབ་སྦེ་ཕྱག་ཕྱིད་ཞུ་ནི་ཨིནམ་ལས་ འབྲེལ་ཡོད་གཞུང་གི་ལྷན་ཁག་དང་ལས་སྡེ་ ལས་འཛིན་དང་སྒེར་སྡེ་ དེ་ལས་ མི་དམངས་ཡོངས་ཀྱིས་ དེ་བཞིན་དང་ལེན་མཛད་གནང་ཞུ།