
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ མགྱོགས་ཡིག་ཡིག་གཟུགས་གསརཔ་བཟོ་ནིའི་དོན་ལུ་རྒྱལ་ཁབ་ནང་འཁོད་ཀྱི་གྲོས་སྟོན་པ་གླ་ཁར་ལེན་ནི་ཨིན།
འདི་གི་དོན་ལུ་ ལྷན་ཚོགས་ཡིག་ཚང་གིས་རྒྱལ་ཁབ་ནང་འཁོད་ཀྱི་ལས་སྡེ་དང་མི་ངོམ་ཚུ་གི་གོང་འཁོད་ལཱ་འབད་ནིའི་དང་འདོད་ཡིག་གུ་འདི་ སྤྱི་ཚེས་31/༨/༢༠༡༧ཉི་མ་ཆུ་ཚོད་ ༢ ཀྱི་ནང་འཁོད་བདག་སྐྱོང་ལས་ཚན་ནང་བཙུགས་དགོཔ་དང་ ཡིག་ཆ་ཚུ་ཡང་ དེ་ཚེ་ ཉི་མ་ཆུ་ཚོད་ ༢.༣༠ ལུ་ ཁ་ཕྱེ་ནི་ཨིན།
དང་འདོད་ཡིག་གུ་དང་གཅིག་ཁར་བཙུགས་དགོ་པའི་ཡིག་ཆ་ཚུ་ཡང།
༡. ཚོང་གི་ཆོག་ཐམ་འདྲ་པར། ཡང་ན་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
༢. འདི་བཟུམ་མའི་ལཱ་ཧེ་མ་ལས་འབད་དེ་ཡོད་པ་ཅིན་ འདིའི་འདྲ།
༣. དེ་བཟུམ་མའི་ལཱ་ ལས་སྡེ་གཞན་གྱི་དོན་ལུ་འབད་དེ་ཡོད་པ་ཅིན་ འདིའི་རྒྱབ་རྟེན་ཡིག་ཆ་འདྲ།
ཁ་གསལ་སྦེ་མཁྱེན་འདོད་ཡོད་མི་ཚུ་གིས་བརྡ་བརྒྱུད་ལས་ཚན་དང་གཅིག་ཁར་བརྒྱུད་འཕྲིན་ཨང་༣༢༢༦༦༣ནང་འབྲེལ་བ་མཛད་གནང་ཞུ།
འགན་ཚད་འདི་ འོག་ལུ་ཟུར་སྦྲགས་འབད་དེ་ཡོད།