ནང་སྲིད་ལྷན་ཁག་འོག་གི་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ཨི་ཌུ་ཀེ་ཡར་ཨིསི་ཀཱིལ་ལས་སྡེའི་གློག་ཐོག་རྫོང་ཁའི་ལྷབ་སྦྱང་གི་མཐུན་རྐྱེན་ཚུ་ ན་གཞོན་སློབ་ཕྲུག་ཚུ་ལུ་རྒྱུན་མངག་གི་རྒྱབ་སྐྱོར་འབད་དེ་ ལོ་ངོ་ ༡ ལྷག་ཙམ་ཅིག་སོང་ཡོད་མི་དེ་ ད་ལས་ཕར་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡ པ་ལས་འགོ་བཙུགས་ ལས་ཁུངས་ལས་རྒྱུན་མངག་གི་རྒྱབ་སྐྱོར་མེདཔ་སྦེ་བཞག་ནི་གུར་ ཞལ་འཆམ་བྱུང་སྟེ་ཡོད།
ཨིན་རུང་ རྫོང་ཁའི་གློག་ཐོག་གི་མཐུན་རྐྱེན་ཚུ་ ཨེ་ཌུ་ཀེ་ཡར་གྱི་ཧོངས་ལས་གོང་ཚད་རན་ཏོག་ཏོ་སྦེ་ཕུལ་ནི་ཨིནམ་ལས་ འཕྲོ་མཐུད་ལག་ལེན་འཐབ་ནིའི་དོན་ལུ་ ལས་སྡེ་དང་གཅིག་ཁར་ཐད་ཀར་འབྲེལ་བ་འཐབ་གནང་ཟེར་ཞུ་ནི།