རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བདག་སྐྱོང་ལས་རོགས་ཀྱི་དོན་ལུ་ གདམ་འཐུ་འབད་ཡོད་པའི་མི་ངོམ་ཚུ་གིས་ རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས་ (རྫོང་རྒྱུགས་) ཕུལ་ནིའི་ཐོ་བཀོད་འབད་ཡོདཔ་བཞིན་ ཆོས་རྒྱུགས་འདི་ གཤམ་གསལ་ལྟར་
སྤྱི་ཚེས། ༢༥ དང་ ༢༦/༠༣/༢༠༢༦།
ས་གནས། ཀ་ཝང་བྱང་ས། སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ཞལ་འཛོམས་ཁང་།
ཆུ་ཚོད། དྲོ་པ་ ༠༨:༣༠ ལུ་ འགོ་འདྲེན་འཐབ་ནི་ཨིན།
དྲན་གསོ། ཆོས་རྒྱུགས་ཀྱི་སྐབས་ པི་སི་དང་ཡིག་ཀྲེག་ དེ་ལས་ གཞོག་ཆས་ཚུ་འབག་འོང་དགོཔ་དང་ ཆོས་རྒྱུགས་ཁང་མིག་ནང་ གཞན་ཅ་ཆས་ཀྱི་རིགས་ག་ནི་ཡང་འབག་མི་ཆོག།
ཁ་གསལ་གྱི་དོན་ལུ་ འགྲུལ་འཕྲིན་ཨང་ ༡༧༦༥༥༡༧༨ ནང་འབྲེལ་བ་འཐབ་གནང་།