
སྤྱི་ལོ་ ༢༠༡༤ -༢༠༡༧ ཚུན་གྱི་ རྒྱལ་ཡོངས་དཔེ་དེབ་རྩོམ་སྒྲིག་འགྲན་བསྡུར་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ཟླ་ ༠༦ པའི་ ཚེས་ ༢ ལུ་ མི་དབང་ཡབ་རྗེ་དམ་པ་ འབྲུག་རྒྱལ་བཞི་པ་མཆོག་གི་ཁྲི་མངའ་གསོལ་དང་འབྲེལ་འགོ་འདྲེན་འཐབ་ནི་ཨིནམ་ལས་ དང་འདོད་ཅན་གྱི་རྩོམ་སྒྲིག་པ་ ག་ར་གིས་བཅའ་མར་གཏོགས་གནང་ཟེར་ཞུ་ནི་ཨིན།
ལས་རིམ་གཙོ་འཛིན་འགོ་དཔོན།
གནད་དོན་ཐུགས་ཁར་བསྣམ་དགོཔ།
༡ སྤྱི་ལོ་ ༢༠༡༤-༢༠༡༸ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ གི་ནང་འཁོད་ པར་སྐྲུན་འབད་འབདཝ་དགོ།
༢ པར་དབང་འཆང་མི་འདི་གིས་རིག་རྩལ་ཐོག་ལུ་ གསར་རྩོམ་འབད་འབདཝ་དགོ།
༣ དཔེ་དེབ་ཚིག་འབྲུ་བསྡོམས་ ༢༠༠༠༠ ལས་མ་ཉུངམ་ཅིག་དགོ།
༤ རྫོང་ཁའི་སྐད་ཡིག་ཐོག་ལུ་ རྩོམ་རིག་འབད་འབདཝ་དགོ།
༥ དཔེ་དེབ་གཞན་ལུ་ ཁུངས་གཏུགས་འབད་ཡོདཔ་ཅིན་ དཔེ་དེབ་ཀྱི་མིང་དང་རྩོམ་པ་པོའི་མིང་ ཁ་གསལ་བཀོད་དགོ།
༦ ཆགས་སྡང་ཕྱོགས་རིས་དང་འབྲེལ་བའི་དོན་ཚན་མ་ཚུདཔ་ཅིག་དགོ།
༧ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་གྱི་ཐོབ་དབང་ཡོད།
༨ ལུང་འདྲེན་ལམ་ལུགས་ལྟར་དུ་ཚུལ་མཐུན་སྦེ་བཀོད་དགོ།
༩ འགྲན་བསྡུར་དོན་ལུ་དཔེ་གྲངས༌ ༥ རེ༌རྩིས༌ཐོ༌དང༌སྦྲགས༌བསྐྱལ༌དགོཔ༌དང༌ གསོལ༌ར༌འཐོབ༌མི༌གྲངས༌སུ༌ མ༌ཚུད༌མི༌ལུ༌རིན༌གོང༌རྩིས༌རྐྱབ༌སྟེ༌འཐོབ།
༡༠ རྩོམ༌རིག༌དཔེ༌དེབ༌ངོས༌ལེན༌འབད༌མ༌འབད༌དང༌ ལམ༌ལུགས༌སྒྱུར༌བཅོས༌འབད༌ནིའི༌དབང༌ཚད༌ཧྲིལ༌བུམ༌ རྫོང༌ཁ་གོང༌ འཕེལ༌ལྷན༌ཚོགས༌ལུ༌ཡོད།
༡༡ དཔེ༌དེབ༌དེ༌ཚུ༌ སྤྱི༌ཚེས༌ ༠༤/༠༥/༢༠༡༨ ནང༌འཁོད༌ རྫོང༌ཁ༌གོང༌འཕེལ༌ལྷན༌ཚོགས༌ཡིག༌ཚང༌ནང༌ལྷོད༌དགོ།
༡༢ དྲགོས༌འཐོན༌མི༌འདི༌ལུ༌ གསོལ༌ར༌ ༥༠༠༠༠/-དང༌གཅིག༌ཁར༌གཟེངས༌བསྟོད༌ཀྱི༌ལག༌ཁྱེར༌འཐོབ།
༡༣ གསོལ་ར་འཐོབ་མི་གྲངས་སུ་ཚུད་མིའི་དཔེ་དེབ་ ༥ གི་དེབ་རིན་ལོགས་སུ་མི་འཐོབ།
༡༤ གསོལ་ར་འདི་ སྤྱི་ཚེས་ ༠༢/༠༦/༢༠༡༨ ལུ་གནང་ནི།
༡༥ གོང་ལུ་མ་ཚུད་པའི་གནད་དོན་གཞན་ཚུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ རང་དབང་ཧྲིལ་བུམ་ཡོད།
༡༦ རང་སོའི་མིང་དང་ཁ་བྱང་ཚུ་ ཁ་གསལ་སྦེ་བཀོད་དགོ།