
སྐད་གཉིས་ཟུང་འབྲེལ་གྱི་གནས་སྡུད་བཟོ་ནིའི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨིང་སྐད་ཀྱི་བརྗོད་པ་ གཅིག་འབུམ་ལྔ་ཁྲི་ཐམ་པ་ རྫོང་ཁའི་ནང་སྐད་སྒྱུར་འབད་ནིའི་འཆར་གཞི་ཡོདཔ་ཨིན། དེ་གི་དོན་ལུ་ གློག་ཐོག་གཞུང་གི་མཁོ་སྒྲུབ་རིམ་ལུགས་ (https://www.egp.gov.bt/) ནང་ རིན་བསྡུར་ངོ་རྟགས་ཨང་ ༥༦༧༧ དང་ ༥༦༧༨ ཅན་མ་ གཉིས་བཙུགས་སྟེ་ཡོདཔ་ཨིན། འགན་ཚད་དང་ཁ་གསལ་གཞན་ཚུ་ཡང་ག་ར་བཙུགས་ཏེ་ཡོདཔ་ཨིན།
འོས་འབབ་ཅན་གྱི་ཚོང་ལས་ཚུ་གིས་ གློག་ཐོག་མཁོ་སྒྲུབ་རིམ་ལུགས་ནང་ཐོ་བཀོད་འབད་དེ་གྲོས་འཆར་གྱི་ཡིག་ཆ་ཚུ་བཙུགས་གནང་ཟེར་ཞུ་ནི་ཨིན། ཚོང་ལས་ཅིག་གིས་ རིན་བསྡུར་གཉིས་ཆ་རའི་དོན་ལུ་ གྲོས་འཆར་ཚུ་བཙུགས་ཆོག་ནི་ཨིན་རུང་ ལཱ་གཉིསཔོ་ཆ་ར་ ཚོང་ལས་གཅིག་ལུ་མི་སྤྲོད་ཟེར་ཞུ་ནི་ཨིན།
གློག་ཐོག་མཁོ་སྒྲུབ་རིམ་ལུགས་ནང་ཐོ་བཀོད་དང་གྲོས་འཆར་ཚུ་བཙུགས་ནིའི་ནང་གྲོགས་རམ་ལེན་ནིའི་དོན་ལུ་ བརྒྱུད་འཕྲིན་ཨང་ ༧༧༣༣༠༡༤༣/༧༧༣༣༠༡༤༤/༧༧༣༣༠༡༤༥/༧༧༣༣༠༡༤༦ ཚུ་ནང་འབྲེལ་བ་འཐབ་གནང། གཞན་དོགས་སེལ་གྱི་དོན་ལུ་ ཡིག་ཚང་གི་དུས་ཚོད་ཁར་ བརྒྱུད་འཕྲིན་ཨང་ ༡༧༢༨༠༧༢༠ ནང་འབྲེལ་བ་འཐབ་གནང་།