
སྔོན་དང་ཕུ་ལས་ད་ལྟོ་ཚུན་ རྒྱུན་སྐྱོང་འཐབ་སྟེ་ཡོད་པའི་རང་ལུགས་ལམ་སྲོལ་དང་ཁ་སྐད་འདི་ རིམ་གྱིས་ཧ་གོ་ཚུགས་ནི་དང་ འདི་ལུ་ ཨ་ལུ་ཚུ་སྤྲོ་བ་དང་དག་སྣང་བསྐྱེད་ཚུགསཔ་བཟོ་ནིའི་དོན་ལུ་ བསམ་འཕེལ་ཐོན་རིམ་བཞི་པ་བཟོ་སྐྲུན་འབད་ནི་སྦེ་ཨིན། དེ་འབདཝ་ལས་ དང་འདོད་ཅན་གྱི་རྩོམ་སྒྲིགཔ་ཚུ་གིས་གཤམ་ལུ་བཀོད་དེ་ཡོད་མིའི་འགན་ཚད་ཚུ་ལུ་གཞི་བཞག་སྟེ་ འགུལ་བརྙན་བསམ་འཕེལ་ཐོན་རིམ་བཞི་པའི་འཁྲབ་སྲུང་བྲིས་གནང་ཟེར་ཞུ་ནི།
ཐུགས་ཁར་ངེས་དགོཔ། འཁྲབ་སྲུང་འདི་འགུལ་བརྙན་བསམ་འཕེལ་ཐོན་རིམ་བཞི་པའི་དོན་ལུ་ཨིནམ་ལས་ དང་པ་ར་འགུལ་བརྙན་བསམ་འཕེལ་གསུམ་པ་འདི་ https://www.youtube.com/watch?v=F3SBREVedTE ནང་གཟིགས་གནང་།