
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་ཚིག་མཛོད་རིམ་ལུགས་གསརཔ་འདི་ Android གི་དོན་ལུ་ གསར་སྟོན་འབདཝ་ཨིན། རིམ་ལུགས་ཀྱི་ནང་དོན་ཚུ་ དུས་མཐུན་བཟོ་ཡོདཔ་ལས་ ག་ར་གིས་ ཐོན་རིམ་གསརཔ་འདི་ལག་ལེན་འཐབ་གནང་ཟེར་ཞུ་ནི་ཨིན། ཐོན་རིམ་གསརཔ་འདི་ནཱ་ལས་ཕབ་ལེན་འབད་གནང།
འདི་དང་གཅིག་ཁར་ རྫོང་ཁའི་ཚིག་མཛོད་ཚུ་ཡོད་པའི་ Goldendict གི་ཐོན་རིམ་༣ པ་དེ་ཡང་ གསར་སྟོན་འབད་དེ་ཡོདཔ་ལས་ ཐོན་རིམ་གསརཔ་འདི་ལག་ལེན་འཐབ་གནང་ཟེར་ཞུ་ནི་དང་འབྲེལ་ ཐོན་རིམ་གསཔར་འདི་ནཱ་ལས་ཕབ་ལེན་འབད་ཚུགས།