
མི་དམངས་ལུ་ཞུ་དོན་དེ་ཡང་ འབྲུག་གི་ཞི་གཡོག་ལེགས་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དང་ཞི་གཡོག་ལྷན་ཚོགས་ལས་སྤྱི་ཚེས་༣༠/༡༢/༢༠༢༢ ལུ་གནང་བའི་ཡིག་ཨང་ RCSC/HRMD/CSR/2022/2268 ཅན་མ་དང་འཁྲིལ་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་འདི་ ནང་སྲིད་ལྷན་ཁག་འོག་གི་སྲོལ་འཛིན་ལས་ཁུངས་དང་གཅིག་ཁར་བསྡབས་ཏེ་ མིང་ཡང་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཟེར་བཏགས་གནང་ཡོད། དེ་འབདཝ་ལས་ རྫོང་ཁ་དང་འབྲེལ་བའི་ཕྱག་ལཱ་ག་ཅི་ར་འཐོན་རུང་ལས་ཁུངས་གསརཔ་འདི་དང་འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།