
ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་ ཟེར་མི་དཔེ་དེབ་འདི་ ཆོས་སྐད་ལས་རྫོང་ཁའི་ནང་སྐད་སྒྱུར་འབད་ནི་ཨིནམ་ལས་ གཤམ་གསལ་བཀོད་ཡོད་པའི་ཚད་གཞི་དང་ལྡན་མིའི་མི་ངོམ་ཚུ་གྱིས་ སྤྱི་ཟླ་༨ པའི་སྤྱི་ཚེས་༦ གི་ནང་འཁོད་ལུ་ སྐད་སྒྱུར་འབད་ནིའི་དང་འདོད་ཡི་གུ་ ལྷན་ཚོགས་ཡིག་ཚང་ནང་བཙུགས་ནི་དང་ཡང་ན་ གློག་འཕྲིན་ཁ་བྱང་ ylhamo@dzongkha.gov.bt གནང་གཏང་གནང་ཞུ།
རྫོང་ཁའི་མཁས་རིག་གི་ཚད་གཞི།
༡༽ སྐད་སྒྱུར་གྱི་ལཱ་ཚུ་ནང་ཉམས་མྱོང་། ༼སྐད་སྒྱུར་འབད་ཡོད་པའི་ལཱ་གི་ཐོ།༽
༢༽ རྩོམ་སྒྲིག་དང་ཞིབ་འཚོལ་ཉམས་མྱོང་། ༼ལག་ཁྱེར་དགོ།༽
༣༽ ཧེ་མ་ལས་ ཞིབ་འཚོལ་དང་རྩོམ་སྒྲིག་གི་ཀི་དེབ་ ཉུང་ཐ་གཉིས་དང་གསུམ་ པར་བསྐྲུན་འབད་ཡོད་པའི་ཉམས་མྱོང་།
༤༽ གཞུང་དང་རིག་གནས་ལུ་མཁས་པའི་མི་ངོམ། ༼ལག་ཁྱེར་དགོ།༽
༥༽ གཞུང་སྐད་རྫོང་ཁ་ནང་ལྕོགས་གྲུབ་ཡོད་པའི་ལག་ཁྱེར། ༼འབྲེལ་ཡོད་ལག་ཁྱེར་དགོ།༽
༤༽ རྫོང་ཁའི་གློག་རིག་ནང་ཉམས་མྱོང་ཡོད་པའི་མི་ངོམ། ༼ལག་ཁྱེར་ཡང་ན་ངོ་སྦྱོར་ཡིག་ཆ་དགོ།༽
༥༽ རྫོང་ཁའི་ཀི་དེབ་ཚུ་ཞུན་དག་འབད་ཡོད་པའི་ཉམས་མྱོང་།
ཁ་གསལ་གྱི་དོན་ལུ་ རྩོམ་རིག་སྡེ་ཚན་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༠༢-༣༣༧༠༤༦/༣༢༢༦༦༣ ནང་ཡིག་ཚང་དུས་ཚོད་ཁར་འབྲེལ་བ་མཛད་གནང་།