
རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཉིས་མཉམ་འབྲེལ་གྱི་ཐོག་ལས་ ཞི་གཡོགཔ་ཚུའི་རྫོང་ཁའི་ལྕོགས་གྲུབ་དང་ཤེས་ཚད་དབྱེ་ཞིབ་འབད་ནིའི་དོན་ལུ་ རྫོང་ཁའི་ཤེས་ཚད་བརྟག་ཞིབ་ཆོས་རྒྱུགས་ ༼རྫོང་རྒྱུགས།༽ ཟེར་བའི་ལམ་ལུགས་ཅིག་གཞི་བཙུགས་འབད་ནིའི་ལཱ་ཚུ་འབད་དོ་ཡོདཔ་ཨིན། རྫོང་རྒྱུགས་ལམ་ལུགས་འདི་གཞི་བཙུགས་མ་འབད་བའི་ཧེ་མར་ བཏུབ་མ་བཏུབ་ཚུ་དབྱེ་དཔྱད་འབད་དེ་ ལེགས་བཅོས་འབད་ནིའི་དོན་ལུ་ ཐིམ་ཕུག་ལུ་ཡོད་མི་ ཞི་གཡོགཔ་ཁྱད་འཛིན་ ༥ པ་ལས་ ༢ པའི་ནང་ཚུད་མི་ ༨༠ ལུ་ མོ་བཏབ་ཀྱི་ཆོས་རྒྱུགས་ཅིག་འགོ་འདྲེན་འཐབ་ནི་ཨིན། འདི་འབདཝ་ལས་ ཐིམ་ཕུག་ལུ་ཡོད་པའི་དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་གིས་ མོ་བཏབ་ཆོས་རྒྱུགས་ནང་བཅའ་མར་གཏོགས་ནིའི་དོན་ལུ་ འོག་གི་ཐོ་བཀོད་ཀྱི་དྲི་ཤོག་འདི་བཀང་སྟེ་བཀྲིན་བསྐྱང་གནང་།