
༉ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་ དྲུང་ཆེན་བགྲེསཔ་དྲགོས་སངས་རྒྱས་རྡོ་རྗེ་མཆོག་ དབྱིན་ཟླ་ ༨ པའི་དབྱིན་ཚེས་ ༡༧ གྱི་ཕྱི་རུ་སྨན་ཁང་ནང་སྦེ་ མི་རྟག་ལྔ་ལམ་དུ་ཐལ་ཡོད་མི་ལུ་ སྤྱིར་འབྲུག་གཞུང་དང་ ལྷག་པར་དུ་ལྷན་ཚོགས་ཡིག་ཚང་གི་བཟའ་ཚང་ཡོངས་ལུ་བློ་ཕམ་སྦོམ་སྦེ་ར་བྱུང་སྟེ་ཡོད། དེ་བཟུམ་སྦེ་ ཚེ་འདས་དྲགོས་མཆོག་གི་ནང་མི་བཟའ་ཚང་ཚུ་ལུ་ སྡུག་བསྔལ་བཟོད་མ་ཚུགསཔ་སྦེ་བྱུང་ཡོད་མི་ལུ་ང་བཅས་ལྷན་ཚོགས་ཀྱི་ཧོངས་ལས་མྱ་ངན་གྱི་སེམས་གསོ་ཕུལཝ་ཨིན།
དྲགོས་མཆོག་གིས་ མི་ལོ་ ༢༧ གྱི་རིང་རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་བཞུགས་པའི་སྐབས་ མཛད་ཤུལ་བཟང་པོ་ལེ་ཤ་ཡོད་པའི་གྲས་ལས་ རྫོང་ཁའི་བརྡ་གཞུང་དང་ཚིག་མཛོད། རྣམ་ཐར་དང་རྒྱལ་རབས། སློབ་དེབ་དང་དཔེ་དེབ། ཁྲིམས་གཞུང་དང་བཅའ་ཁྲིམས། དེ་ལས་ རྫོང་ཁའི་བརྡ་དོན་འཕྲུལ་རིག་གོང་འཕེལ་གྱི་ཕྱག་ལཱ་ མང་རབས་ཅིག་མཛད་གནང་ཡོད་མི་ཚུ་ཨིན། དེ་གིས་སྦེ་དྲགོས་མཆོག་ལུ་ ང་བཅས་ལྷན་ཚོགས་ཡིག་ཚང་གིས་ བཀའ་དྲིན་བསམ་བརྗོད་ལས་འདས་པའི་སྒོ་ལས་ མྱུར་དུ་དག་པའི་ཞིང་དུ་སྐྱེ་བའི་སྨོན་འདེབས་ཞུཝ་ཨིན།